ཀྱེ་མ། འཚོ་བའི་གར་སྟེགས་ཐོག་ལུས་སྦྱོང་ལ་གོམས་པ་བྱ་རྒྱུ་ནི་ཆེས་རིན་ཐང་ལྡན་པ་ཞིག་རེད་ཨང་། གཟིགས་དང་། ཞོགས་པ་སྤྱི་གླིང་ནང་དྲག་རྩལ་ཐའེ་ཇེ་ལ་མོས་པའི་བགྲེས་སོང་ཕོ་མོ་ཚོས། ལུས་ཀྱི་སྟངས་སྟབས་དལ་གྱིས་འགུལ་ཐོག ཕར་རྐྱང་ཚུར་སྐུམ་ཁྲོད། ལོ་ཟླའི་དཀའ་སྡུག་ཐེག་པར་བཟོད་པའི་བཞིན་རས་ལས། བདེ་ཐང་ལ་ཕྱོགས་པའི་སྤྲོ་བ་ཆེས་ཆེར་བསྲིང་། ས་སྲོད་ཀྱི་མཚམས་སུ། ལུས་རྩལ་ཐང་ཆེན་རྐང་ཐང་གིས་འཇལ་གྱིན་པའི་ན་གཞོན་ཚོས། ལང་ཚོའི་གཟི་དཔལ་གྱིས་བསྣུན་པའི་གོམ་སྟབས་འཁྱུག་པོས་འཚོ་བའི་སྤྲོ་སྣང་གི་ལེའུ་ཡང་ནས་ཡང་དུ་རྩོམ་བཞིན་ལགས། གཟའ་མཇུག་ཏུ། ཕ་མས་བུ་ཕྲུག་དང་ལྷན་དུ་ངལ་གསོའི་སྤྲོ་སྣང་འཚོལ་གྱིན། ལྟ་ན་སྡུག་པའི་ཡུལ་ལྗོངས་ཁྲོད། ཆིབས་འཁོར་དགོད་སྒྲས་བསྐོར་ཏེ། ཤ་རུས་བརྩེ་བ་ཇེ་ཟབ་ཏུ་བཏང་ངོ་། ། ལུས་སྦྱོང་ནི་ཀུན་ལ་དགོས་གལ་ཆེ་ཞིང་། ཞོགས་པར་རྒྱུག་ཤར་གློད་ཐེངས་གཅིག་དང་། དགུང་ཟས་རྗེས་ལ་ཡོ་ག་རྩེད་ཐེངས་གཅིག ད་དུང་ལས་མཚམས་བཞག་རྗེས། ལག་རྩེད་སྤོ་ལོ་འགྲན་ཐེངས་གཅིག་བཅས་ཀྱིས་ཆོག་པ་ཡིན། དེའང་། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར། སྡེ་ཁུལ་གྱི་ཐང་ཆེན་ནས་ཆེད་ལས་ཅན་གྱི་ལུས་རྩལ་ཁང་གི་བར་དང་། ནམ་རྒྱུན་གཏན་གྱི་ལུས་རྩལ་སྦྱོང་བརྡར་ནས་རྩལ་འགྲན་བྱེད་སྒོ་ཆེ་གྲས་ཀྱི་བར། གང་ལྟར་ནའང་། ལུས་སྦྱོང་ནི་ང་ཚོའི་འཚོ་བའི་ཁྲོད་སྔ་ས་ནས་ཐིམས་ཟིན། ལུས་སྦྱོང་ཧུར་ཐག་གཞོལ་རྒྱུ་ནི། གཟུགས་གཞིའི་བདེ་ཐང་གཅིག་པུ་སྐྱོང་བའི་ཆེད་དུ་མིན་པར། ང་ཚོའི་སེམས་ཁམས་གསོ་ཐབས་ཤིག་ལ་མཐོང་ངོ་། དེས་ན། དམངས་ཡོངས་ཀྱི་ལུས་སྦྱོང་ནང་སྤྲོ་བ་ཆེན་པོས་ཞུགས་ཏེ། བྱ་སྤྱོད་ངོ་མས་མི་ཚེ་དོན་ལྡན་ལ་མཁོ་བའི་བདེ་ཐང་དེ་ཤེས་རབ་ཀྱིས་ལེན་དགོས་སོ། །
རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།
པར་ལེན་མཁན། པད་མ་ལྷུན་གྲུབ།
པ་སངས་སྒྲོལ་དཀར།
ཚེ་བརྟན་སྒྲོལ་དཀར།
ཇུས་འགོད་མཁན། བདེ་སྐྱིད་དཔལ་སྒྲོལ།