第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་(རྒྱ་ཆེ) ཚོགས་འདུ་སྐོང་འཚོགས་གནང་བ།
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་ས@
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱ@
| 山南网首页 |
2025年4月2日 星期
3 上一篇  下一篇 4 放大 缩小 默认
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་(རྒྱ་ཆེ) ཚོགས་འདུ་སྐོང་འཚོགས་གནང་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

གྲོང་ཁྱེར་འགོ་ཁྲིད་ཝང་ཡུན་ཆིང་དང་། པའེ་ཡུན་ཧྥུང། ཀྲང་ཝུའེ། ཡང་ཧུང་པིང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)འཇམ་དགའ། ཚེ་རིང་། ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

བསམ་གྲུབ་ཚེ་རིང་གིས་གསུངས་དོན། ཉེ་དུས་དང་ལྷག་དོན་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཡོད་ཅིང་། དངོས་སུ་ཤེས་རྟོགས་བྱེད་རྒྱུ་དང་མཛུབ་ཁྲིད་ཀྱི་དོན་སྙིང་ཕུན་སུམ་ཚོགས་པས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་བསམ་བློའི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ལོ་ལྔ་ཚན་གྱི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མཇུག་སྒྲིལ་བ་དང་། ལོ་ལྔ་ཚན་གྱི་འཆར་གཞི་བཅོ་ལྔ་པར་འཆར་འགོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་ལེན་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། ཡང་དག་པའི་ཁ་ཕྱོགས་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་ལོན་གཏིང་ཟབ་བྱེད་དགོས་པ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་སྔར་བས་གོ་ལོན་གཏིང་ཟབ་བྱེད་དགོས་པ། སྤུས་ཚད་མཐོ་བའི་གོང་འཕེལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་པ་སྔར་བས་གོ་ལོན་གཏིང་ཟབ་བྱེད་དགོས་པ། དམངས་འདུན་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་སྔར་བས་གོ་ལོན་གཏིང་ཟབ་བྱེད་དགོས།

བསམ་གྲུབ་ཚེ་རིང་གིས་བླང་བྱ་བཏོན་དོན། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་ཧུར་ཐག་གཅོག་དགོས་པ་དང་། དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་དམ་འཛིན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། སྲིད་གཞུང་ལས་དོན་སྙན་སྒྲོན་ནང་ཁ་གསལ་བཟོས་པའི་ཕྱོགས་བཅུའི་གཙོ་གནད་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་དང་། འགན་འཁྲི་ནན་དཀྲི། བྱེད་ཐབས་ལ་ཤུགས་སྣོན། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ཐོག་སྤུས་ཚད་མཐོ་པོའི་སྒོ་ནས་ལས་དོན་ཁག་ལེགས་གྲུབ་ཡོང་རྒྱུ་འགན་ལེན་གྱིས་ལོ་འཁོར་གྱི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཐུབ་པ་བྱེད་དགོས།།

བསོད་བསྟན་གྱིས་བསྒྱུར། བདེ་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告