འདི་ག་ཚགས་པར་ཁང་དུ་གནས་འབྱོར་གསལ།ཉེ་དུས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུད་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་ཧྲུའུ་ཅི་བཅས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་དང་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ། ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། སྤྱི་བདེ་ཚན་པ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་གྲོང་ཨུད་དང་སྤྱི་བདེ་ཐིང་གི་ལས་ཀའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ལས་ཀའི་ཚོགས་འདུ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་བདེ་ཐིང་(ཁྲུའུ)གི་ཅུད་ཀྲང་ཚོགས་འདུའི་དགོངས་དོན་བཅས་དོན་འཁྱོལ་ནན་ཏན། ཁྱོན་ཡོངས་ལ་གཞི་རྐང་ཚུགས་པ་བྱས་ནས་ལས་དོན་ལ་བསམ་གཞི་དང་། སྤྱི་ཡོངས་ལ་དམིགས་ནས་སྤྱི་བདེའི་ལས་དོན་བསྒྲུབས་དགོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཞབས་ཞུ་སྒྲུབ་པའི་འགན་སྲུང་ཡག་པོ་བྱེད་དགོས། ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་གོང་ན་མེད་པའི་འདུ་ཤེས་མཐའ་འཁྱོངས་སྒོས། ཉེན་ཁ་ཆེ་གྲས་འགོག་ཟོན་དང་ཐག་གཅོད་བྱ་རྒྱུ་དེ་ལས་དོན་སྤེལ་བའི་རྨང་གཞིར་འཛིན་པ་དང་། སྤྱི་བདེ་ཚན་པའི་འཐབ་ནུས་གསར་མ་མཐོར་གཏོང་ལས་གཞི་ལག་བསྟར་བྱ་རྒྱུ་དེ་གཞི་རྟེན་གལ་ཆེན་ལ་འཛིན་པ། ཁྲིམས་འཛིན་དྲང་གཞག་དང་ཤེས་དཔལ་ལྡན་པའི་ཚད་གཞི་ནན་གཏོང་བྱེད་པའི་གཞི་རྩའི་བླང་བྱར་བཟུང་བ། བྱང་ཚད་མཐོ་བའི་དཔུང་ཁག་གཏོད་རྒྱུ་གཞི་རྩའི་འགན་སྲུང་ལ་བརྩི་བ་བཅས་ཀྱིས་ཕྱོགས་ཡོངས་ནས་ཉེན་ཁ་འགོག་ཟོན་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་ནུས་མཐོ་རུ་བཏང་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྷོ་ཁའི་ལག་ལེན་གསར་པར་སྲུང་སྐྱོང་སྔར་བས་ཡག་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་ཡོད་པ་རེད། མཚམས་གཅོད་ཀྱིས་བསྒྱུར། བསོད་བསྟན་གྱིས་ཞུས།