འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེ་སློབ་སྦྱོང་ཚོགས་འདུ་ཐེངས་44པ་འཚོགས་ཏེ། ཞི་ཅིན་ཕིང་གི་རིགས་གནས་དགོངས་པ་ཆེད་དོན་སློབ་སྦྱོང་བྱས་པ་མ་ཟད། ཞིབ་བསྡུར་དང་སྤེལ་རེས་བྱས་པ་རེད།
གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་འགོ་ཁྲིད་ཀྲང་ཝུའེ་དང་། ཚེ་རིང་། ཚེ་རིང་གཡང་འཛོམས། ཧན་ལེའང་བཅས་ཚོགས་འདུར་ཕེབས།
བསམ་གྲུབ་ཚེ་རིང་གིས་གསུངས་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རིག་གནས་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་བསམ་བློའི་མཚོན་ཆ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་སྟོབས་ཆེན་ཞིག་ཡིན་པས་དོན་འཁྱོལ་གནད་འཁེལ་སྒོ་ནས་ཁོང་དུ་ཆུད་པ་དང་། དེའི་ནང་གི་འགོ་ཁྲིད་བྱེད་ཐབས་དང་། བསམ་བློའི་ཐབས་ཤེས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལས་ཀའི་བྱེད་ཐབས་བཅས་ཁོང་དུ་ཆུད་པ་བྱས་ཐོག་རང་རྟོགས་ངང་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ཕྱོགས་གང་ཅི་དང་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་བྱས་ནས་རིག་གནས་སྟོབས་ལྡན་གྲོང་ཁྱེར་འཛུགས་སྐྲུན་སྔར་བས་མགྱོགས་སུ་གཏོང་དགོས།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ཡང་དག་པའི་ཁྲིད་སྟོན་མཐའ་འཁྱོངས་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ནི་སྡོང་པོ་ཡིན་པ་དང་། མི་རིགས་ཁག་གི་རིག་གནས་ནི་ཡལ་ག་དང་ལོ་མ་ལྟ་བུ་ཡིན་པས། རྩ་བ་ཚུགས་ཅིང་སྡོང་རྐང་རྒྱས་ན་གཞི་ནས་ཡལ་ག་དང་ལོ་མ་རྒྱས་ཐུབ”པའི་རིག་གནས་འབྲེལ་བར་གོ་བ་ཡང་དག་བླངས་ནས་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་མི་རིགས་རིག་གནས་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་འཛིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་འཛིན་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་ཏེ། བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཐོག། དར་ཆ་གསལ་སྟོན་གྱིས་ནོར་འཁྲུལ་གྱི་བསམ་བློ་དང་། སྤྱོད་ཚུལ་ངན་པ། ལྡོག་ཕྱོགས་ཀྱི་གཏམ་བརྗོད་བཅས་ཡོད་ཚད་ལ་ངོ་རྒོལ་བྱ་དགོས། མཉམ་འདྲེས་རྩོམ་ཡིག་ཡག་པོ་སྤེལ་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བསྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་མཐའ་འཁྱོངས། ཐོན་ཁུངས་ནི་རྩ་བ་དང་། ཁྱད་ཆོས་ནི་རྨང་གཞི། རིག་གནས་ནི་བླ་སྲོག། ཁྲོམ་ར་ནི་ཁྲིད་སྟོན་ཡིན་པ་བཅས་མཐའ་འཁྱོངས་བྱས་ཏེ་རིག་གནས་ཀྱི་ས་ཁམས་མཚོན་རྟགས་བསྐྲུན་ནས་རིག་གནས་ཀྱི་རྨང་གཞི་མངོན་པ་དང་། “དྲ་རྒོད”ཐོན་ཁུངས་བེད་སྤྱོད་མཁས་པོ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་དེ་དག་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་སྣོན་ལ་འདེགས་སྐྱོར་བྱེད་པའི་ཀ་རྟེན་ཐོན་ལས་སུ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིག་གནས་ཀྱིས་དམངས་ལ་ཕན་པ་འདོགས་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་དམངས་ཕན་ཞབས་ཞུ་སྣ་ཚོགས་རྒྱ་ཁྱབ་ཏུ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་སྟོན་ལ་དམ་འཛིན་བརྟན་པོ་བྱས་ཏེ། ཆབ་སྲིད་ཀྱི་ཁྲིད་སྟོན་གསལ་པོ་ཡོད་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་པ། ལྷོ་ཁའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མངོན་པ་བཅས་ཀྱི་བརྩམས་ཆོས་རྩེ་གྲ་དང་སྤུས་དག་ཁག་གཅིག་སྔོག་འདོན་གཏིང་ཟབ་དང་ཞིབ་ཚགས་སྒོ་ནས་འདོན་དགོས། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་རྩལ་སློབ་གླིང་དང་ཚོགས་པའི་བསྒྱུར་བཅོས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་གྱི་བྱེད་ཐབས་ཞིབ་ཕྲ་གང་མགྱོགས་གཏན་འབེབས་བཅས་བྱས་ཏེ་བསྒྱུར་བཅོས་ལས་དོན་རྗེས་ལུས་མི་ཡོང་བའི་འགན་ལེན་བྱེད་དགོས།
བསོད་བསྟན་དང་མཚམས་གཅོད་ཀྱིས་བསྒྱུར། བསོད་བདེས་ཞུས།