འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་14ཉིན། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དེ་སྣེ་གདོང་དུ་འཚོགས་པ་རེད། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག་ངེད་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། གྲོང་ཨུད་འགོ་ཁྲིད་ཉི་མ་བསྟན་འཛིན་དང་། ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་རེད།
ལི་ཧྥུའུ་ཀྲུང་གིས་གསུངས་དོན། གྲོང་ཁྱེར་ཏང་གི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཚུན། གྲོང་ཨུད་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་པ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་།(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སློབ་གསོའི་བོད་སྐྱོར་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། སློབ་གསོ་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པ། དགེ་རྒན་དཔུང་ཁག་ལ་མུ་མཐུད་ཤུགས་སྣོན་ཐེབས་པ། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད།
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་བཏུད་དང་། གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་སློབ་གསོའི་གྲོང་ཁྱེར་སྟོབས་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་སློབ་གསོའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཐོག་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ལ་དམ་འཛིན་བརྟན་པོ་དང་། “མི་གསུམ་”གྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སློབ་གསོའི་སྲོག་རྩ་དང་། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྒུལ་ཤུགས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགག་རྩར་བརྩི་བ་བཅས་བྱས་ཐོག། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱས་ནས། ཀུན་སྤྱོད་དང་། རིག་གནས། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་གིས། ལྷོ་ཁའི་སློབ་གསོ་སླར་ཡང་མདུན་གྲལ་དུ་སླེབས་པ་དང་། སླར་ཡང་འོད་སྟོང་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་སྒོས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་གྱིས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་བསྐྲུན་ཅིང་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་། བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བ། ཧུར་བརྩོན་ཡར་རྒྱས་ཀྱི་སློབ་གྲྭའི་རིག་གནས་གཏོད་པ་བཅས་ཀྱི་ཐོག་ནས། “སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པའི”གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། སློབ་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། སློབ་གསོའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། སློབ་གསོ་སྤུས་ལེགས་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གཅིག་བསྡུས་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སློབ་གྲྭའི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “མི་གསོ་སྐྱོང་ཇི་ལྟར་བྱེད་པའི”གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས། ལྷོ་ཁའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་ནས་ཚན་རྩལ་གསར་གཏོད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཚེ་གང་སློབ་གསོའི་མ་ལག་འཛུགས་པ་བཅས་བྱས་ནས། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པའི”གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོར་འདེགས་གཏོང་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་དར་སྤེལ་གཏོང་བ་བཅས་བྱས་ནས། “སུ་ཞིག་གིས་མི་གསོ་སྐྱོང་བྱེད་པའི”གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། སློབ་གསོའི་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་སྣ་གསོ་སྐྱོང་ལམ་སྲོལ་གསར་གཏོད་བྱེད་པ། གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་གཙོ་གནད་དང་དཀའ་གནད་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཐོག་ངེད་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། སློབ་གསོའི་བྱ་གཞག་ནི་རྙོག་འཛིང་ཆེ་བའི་མ་ལག་ལས་གྲྭ་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱ་དགོས། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་གཙོ་གཟུགས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ་དུས་བཀག་ལྟར་སློབ་གསོའི་ལས་དོན་ལ་ཞིབ་འཇུག་བྱས་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་དགོས། རིམ་ཁག་སློབ་གསོའི་ཚན་པའི་ཏང་རྩ་འཛུགས་ཀྱིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་གཙོ་གཟུགས་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོའི་སྡེ་ཚན་གྱིས་གཙོ་འགན་ཚན་པའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། སློབ་གསོའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར་མཛུབ་ཁྲིད། ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ། སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ཐོག་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས་སོ།
ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།
བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་མཚམས་ཀྱིས་ཞུས།