འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཀྲང་ཝུའེ་ཡིས་2025ལོའི་དུས་ཚིགས་དང་པོའི་ལས་འགོ་ཡག་པོ་འཛུགས་རྒྱུའི་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། འབྲེལ་ཡོད་ཡིག་ཆ་དང་མཆན་འགོད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་ནས། 2025ལོའི་ལས་འགོ་ཡག་པོ་འཛུགས་རྒྱུའི་བྱ་སྤྱོད་དང་འབྲེལ་བའི་ལས་དོན་ལ་བརྡ་ཁྱབ་བཏང་བ་དང་། རྫོང་ངམ་ཅུས་དང་གྲོང་ཁྱེར། དེ་བཞིན་འབྲེལ་ཡོད་ཚན་པ་ཁག་གིས་ལོ་ཧྲིལ་པོ་དང་དུས་ཚིགས་དང་པོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱ་རྒྱུའི་འཆར་གཞི་སྙན་སེང་ཞུས་པ་རེད།
གྲོང་ཁྱེར་འགོ་ཁྲིད་ཚེ་རིང་དང་། ཀྲེན་ཁྲོན་ཅིན། ཕུན་ཚོགས། ཚེ་རིང་གཡང་འཛོམས། མཚམས་གཅོད་བཅས་ཚོགས་འདུར་ཞུགས།
ཀྲང་ཝུའེ་ཡིས་ནན་བཤད་གནང་དོན། ཛ་དྲག་གི་དུས་བབ་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ་འབད་བརྩོན་ཆེར་སྐྱེད་ཀྱིས་སྔོན་སྐྱོད་བརྩོན་ལེན་བྱེད་དགོས་པ་དང། མ་འཇོག་དམ་འཛིན་བྱེད་དགོས་པ། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འདུ་ཤེས་ཐོག་ནས་ཐོན་ལས་གོང་འཕེལ་དམ་འཛིན་བྱས་ཐོག་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་རྩེ་གྲས་གོང་འཕེལ་དང་། འཛད་སྤྱོད་སྤུས་མཐོ་རིམ་པས་མཐོར་འདེགས་བྱེད་དགོས་པ། འགྲིམ་འགྲུལ་བདེ་འཇགས་སོགས་་བདེ་འཇགས་འགོག་ཟོན་ལས་དོན་ལ་མུ་མཐུད་དམ་འཛིན་ནན་པོ་བྱེད་དགོས་པ་བཅས་སོ།
མཚམས་གཅོད་ཀྱིས་བསྒྱུར། བསོད་བདེས་ཞུས།