第02版:重要新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
重要新闻
 
标题导航
| 山南网首页 |
2025年1月24日 星期
下一篇 4 放大 缩小 默认
ཉི་མ་བསྟན་འཛིན་གྱིས་མཐའ་མཚམས་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་འཚམས་འདྲི་ཚོ་ཆུང་གི་སྣེ་ཁྲིད་དེ་ལྷུན་རྩེ་རྫོང་དང་མཚོ་སྣ་གྲོང་ཁྱེར་གྱི་མཐའ་སྲུང་དཔོན་དམག་ལ་འཚམས་འདྲི་གནང་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ། ལྷོ་ཁར་བཅའ་སྡོད་དཔུང་སྡེ་དང་དཔོན་དམག་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ཁོང་ཚོས་ལྷོ་ཁའི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དེ་བཞིན་མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཉི་མ་བསྟན་འཛིན་གྱིས་དཔུང་སྡེའི་ལས་ཀའི་གྲུབ་འབྲས་སྐོར་གྱི་སྙན་ཞུ་གསན་པ་དང་། དཔུང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམག་འཐབ་སྦྱོང་བརྡར། དེ་བཞིན་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་རྗེས། ཁོང་གིས་རྒྱ་ཆེའི་དཔོན་དམག་ནི་ཕྱོགས་བཞི་འཚམས་བརྒྱད་ནས་ཡོང་སྟེ། མཉམ་དུ་མེས་རྒྱས་གྱི་མཐའ་མཚམས་སྲུང་སྐྱོབ་བྱེད་ཀྱི་ཡོད་པས། འགན་འཁྲི་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་རེད། རེ་བར་ཁྱེད་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཟབ་གཏོང་། གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་པ་དང་། མུ་མཐུད་ནས་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་དར་སྤེལ་བཏང་ནས། བོད་སྐྱོད་པ་རྒན་རབས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་ཐོག་ལྷག་བསམ་རྣམ་དག་ངང་འགན་འཁྲི་དང་ལས་འགན་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། དེ་བཞིན་མཐའ་སྲུང་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ཐོག ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་བཀའ་སློབ་གནང་བ་རེད།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར། བསོད་བདེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:重要新闻
   第04版:两会专版
ཉི་མ་བསྟན་འཛིན་གྱིས་མཐའ་མཚམས་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།
ངེད་གྲོང་ཁྱེར་གྱིས་2025ལོའི་དུས་ཚིགས་དང་པོའི་ལས་འགོ་ཡག་པོ་འཛུགས་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།