འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཟླ་1ཚེས་13ཉིན། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཚན་ཁག་གིས་2024ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་བཅོས་སྒྲིག་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་བག་གྲོས་གསུང་བཤད་གནང་། གྲོང་ཁྱེར་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་དང་། གྲོང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་འདུར་ཕེབས་ནས་མཛུབ་སྟོན་དཔྱད་བརྗོད་གནང་བ་རེད།“འཐུས་མི་གཉིས་དང་ཨུ་ཡོན་གཅིག་”ཟུར་ཞུགས་གནང་བ་རེད།
ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་2024ལོ་འཁོར་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་བཅོས་སྒྲིག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། བག་གྲོས་གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་གནང་བ་དང་། སྣེ་ཁྲིད་ནས་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་གནང་སྟེ་རང་འགུལ་ངང་སྐྱོན་བརྗོད་དང་ལེན་གནང་བ་རེད། དེ་རྗེས་ཚན་ཁག་ཁོངས་མི་གཞན་དག་གིས་རེ་རེ་བཞིན་ཞིབ་བསྡུར་དང་ཕན་ཚུན་སྐྱོན་བརྗོད་བྱས་པ་རེད།
བག་གྲོས་ནན་བཤད་གནང་དོན། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སེམས་ཤུགས་བརྟན་དུ་གཏོང་བ་དང་། ཏང་ནན་སྐྱོང་གི་འགན་འཁྲི་ནན་འཁུར་བྱེད་དགོས་པ། གནད་དོན་བཅོས་སྒྲིག་དམ་འཛིན་དངོས་བྱེད་དགོས་པ་བཅས་སོ།