ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་མཐར་ཕྱིན་བྱས་ནས་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་12ཚེས་11ཉིན། སྣེ་གདོང་ཆུས་ཀྱི་དུས་བཞིའི་གྲོང་ཚོའི་མཚན་ཚོགས་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འགྲན་བསྡུར་སྐབས་གསུམ་པ་དེ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཐང་ཆེན་དུ་འཚོགས་པ་རེད།
འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྣེ་གདོང་སྡེ་ཁུལ་དང་ཕོ་བྲང་ཤང་སྔགས་པ་གྲོང་ཚོར་བྱ་དགའ་ཨང་གཉིས་པ་ཐོབ་པ། རྡོ་ཕོ་བྲང་ཤང་གི་སྤུ་སྨད་གྲོང་ཚོ་དང་། ཡར་སྟོད་ཤང་གི་ར་མོ་ནང་གྲོང་ཚོ། སྐྱེད་པ་ཤང་གི་བསམ་མཁར་གྲོང་ཚོ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
གསར་འགོད་པ་ཚེ་རིང་ནོར་བུ་རྒན་པ་དང་གཞོན་པ། པ་སངས་སྒྲོལ་དཀར་བཅས་ཀྱིས་པར་བླངས།