འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བརྒྱད་པའི་གྲ་སྒྲིག་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་སྐོང་འཚོགས་གནང་སྟེ། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀར་བཀོད་སྒྲིག་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་པའེ་ཚུན་དང་། བསོད་ནམས་རྡོ་རྗེ། ཉིའུ་ཁུན། གྲའེ་ཁུན་བཅས་ཚོགས་འདུར་ཞུགས།
ཝང་ཏེ་ཝུན་གྱིས་བླང་བྱ་བཏོན་གནང་དོན། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཆར་འགོད་བཀོད་སྒྲིག་ལ་སྣང་ཆེན་བྱེད་པ། ལས་འགན་དང་འགན་འཁྲིའི་མི་སྣ་ཁ་གསལ་བཟོ་བ་བཅས་བྱས་ཏེ་ལས་འགན་དང་། དུས་ཚོད། མི་སྣ། འགན་འཁྲི། བླང་བྱ་བཅས་“དོན་འཁྱོལ་ལྔ་”ཐུབ་པ་བྱེད་དགོས། ཆེད་མི་བཀོད་སྒྲིག་དང་གྲ་སྒྲིག་ནན་ཏན་བྱས་ཏེ། ཡིག་ཆ་གྲ་སྒྲིག་བྱས་རྗེས་མཉམ་དུ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་དང་། བཟོ་བཅོས་ཡང་ཡང་བྱས་ཏེ། ཐོག་མའི་མ་ཡིག་གཏན་ལ་ཕབ་རྗེས་གང་མགྱོགས་ཡིག་སྒྱུར་བྱས་ཏེ། ཚོགས་ཆེན་གྱི་ཡིག་ཆ་ཡིག་སྒྱུར་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཡོང་བ་བྱེད་དགོས། འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ཚོགས་ཆེན་ཐོག་གི་འདེམས་བསྐོ་དང་བརྡས་ཐག་གཅོད་པའི་འབྲེལ་ཡོད་གྲ་སྒྲིག་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ཏེ་ཚོགས་ཆེན་ཐོག་གི་འདེམས་བསྐོའི་ལས་དོན་ཁྲིམས་ལྟར་ཐུགས་གྲ་འགྲིག་པོ་ཡོང་རྒྱུའི་འགན་ལེན་བྱེད་དགོས། ཚགས་པར་དང་བརྙན་འཕྲིན། དྲ་འཕྲིན་སོགས་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ནས་དྲིལ་བསྒྲགས་གཏོང་སྤེལ་ལས་ཀ་གཏིང་ཟབ་དང་ཁྱོན་ཡོངས་ནས་སྤེལ་དགོས། ཚོགས་འདུའི་བཀོད་སྒྲིག་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཚོགས་འདུའི་སྒྲིག་བཀོད་དང་སྒྲིག་ཆས་ལ་སྔ་སྣུར་དུ་ཞིབ་བཤེར་ཚོད་གཏོང་བྱས་ནས་རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་ལས་ཡུལ་དངོས་སུ་ལྟ་སྐུལ་དང་མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ནན་དུ་གཏོང་དགོས། ཚོ་ཆུང་དང་འབྲེལ་བ་ཡོད་པའི་ལས་དོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། གྲ་སྒྲིག་གང་ལེགས་དང་། བཀོད་སྒྲིག་ཞིབ་ཚགས། ཞབས་ཞུ་ཚགས་ཚུད། ཧུར་བརྩོན་གྲོན་ཆུང་། གཞོགས་འདེགས་གཅིག་མཐུན། འཁོར་རྒྱུག་ཆོད་ཆེ་བཅས་ཡོང་བ་བྱེད་དགོས། ཚོགས་འདུའི་ཐོག ད་དུང་ལས་དོན་ཚོ་ཆུང་10ཡི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་གསན་པ་དང་ཚོགས་ཆེན་གྲ་སྒྲིག་གི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པ་རེད།