第04版:专版 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年11月29日 星期
下一篇 4 放大 缩小 默认
ལྷོ་ཁའི་ཡར་ཀླུང་ཚོང་འདུས་ཀྱི་གྲ་སྒྲིག་ལས་དོན་ཁག་ ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་26ཉིན། གསར་འགོད་པས་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ལོ་ཆུང་སྡེ་ཁུལ་གྱི་ཚོང་འདུས་ཁྲོམ་ར་ནས་མཐོང་གསལ། ཚོང་འདུས་ཀྱི་སྔོན་འགྲོའི་གྲ་སྒྲིག་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

ཉིན་ཤས་ཚུན་དུ། ཚོང་འདུས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། ཨར་ལས་མི་སྣས་སྤུས་ཚད་འགན་ལེན་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྲོམ་བཀྱག་རྒྱག་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད། གསར་འགོད་པས་ས་གནས་ས་ཐོག་ནས་འགྲེམས་ཁུལ་གྱི་ཁྲོམ་བཀྱག་ཁག་རྒྱག་སྒང་ཡིན་པ་དང་། འགྲེམས་གནས་ཀྱི་སྤྱི་ཡོངས་བཀོད་སྒྲིག་ཁག་མཇུག་བསྡུའི་དུས་མཚམས་སུ་སླེབས་པ་མཐོང་།

ཚོང་འདུས་སྐབས་ཞེ་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་མི་སྣ་ཧུའུ་ཆང་གིས། ད་ཐེངས་ཀྱི་ཚོང་འདུས་ནང་ངེད་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)12དང་ལྗོངས་ཕྱི་རོལ་སོགས་ཀྱི་ཚོང་དུད་ཁྱོན་2700ལྷག་ཙམ་ཞུགས་རྒྱུ་ཡིན་པ་རེད།

བཟའ་བཏུང་ཁུལ་དང་། རོལ་རྩེད་ཁུལ། རླངས་འཁོར་འགྲེམས་སྟོན་ཁུལ། ཞིང་འབྲོག་ཐོན་ཟོག་ཉོ་ཚོང་ཁུལ་སོགས་བཙུགས་ནས་རྫོང(ཆུས་དང་གྲོང་ཁྱེར)ཁག་གི་ཁྱད་ལྡན་ཐོན་རྫས་དང་། ཚགས་ཤ་དང་ལུག་ཤ། མི་རིགས་ལག་ཤེས་ཐོན་རྫས། ཤིང་འབྲས་སྐམ་པོ། བོད་ལུགས་རྒྱན་ཆས། ལྕགས་ཆས་སོགས་འཚོང་རྒྱུ་ཡིན་པ་དང་། ས་གནས་ས་ཐོག་ཏུ་ལྷོ་ཁའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་142དང་། ཞིང་འབྲོག་པའི་འགྲེམས་ཚོང་ཁུལ་841 ནེ་པ་ལ་དང་ཕ་ཁི་སི་ཐན་སོགས་ལྗོངས་ཕྱིའི་འགྲེམས་ཚོང་ཁུལ་184བཅས་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

ས་གནས་ས་ཐོག་ཏུ་ད་དུང་རྫོང་(ཆུས་དང་གྲོང་ཁྱེར)ཁག་གི་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་སྨན་བཅོས་བྱེད་ས། ཆུ་ལེན་ས། 12315འཛད་སྤྱོད་ཞུ་གཏུག་བདག་སྤྲོད་ས་ཚིགས་སོགས་བཙུགས་ཡོད་པས་ཚོང་དུད་དང་འཛད་སྤྱོད་པའི་རེ་ཞུ་མགྱོགས་མྱུར་དང་། ནུས་ལྡན། མཐར་ཕྱིན་པ་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་དང་། ཚོང་འདུས་ཁྲོམ་རའི་ཉེ་འཁོར་གྱི་འགྲིམ་འགྲུལ་མ་ལག་ཚང་བ་དང་འཕྲལ་སྡོམ་མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་པས་ད་ཐེངས་ཀྱི་ཚོང་འདུས་བདེ་བླག་ངང་གཉེར་ཆེད་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་གང་ལེགས་བསྒྲུབས་རྒྱུ་ཡིན་པ་རེད།

མཚོ་སྨད་རྫོང་བཀོད་འདོམས་པུའི་ལས་དོན་མི་སྣ་བློ་བཟང་དོན་གྲུབ་ཀྱིས། མཚོ་སྨད་རྫོང་གི་འགྲེམས་ཁུལ་ཨང་བཞི་པར་མིག་སྔར་གུར་ཧ་ལམ་བརྒྱབ་ཟིན་ཞིང་། འདི་ལོ་མཚོ་སྨད་རྫོང་གི་ཚོང་འདུས་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་དུད་ཚང་800ལྷག་ཙམ་ཡོད་པ་དེ་དག་གིས་ཚཌ་ཤ་དང་ལུག་ཤ་སོགས་ཤ་རིགས་ཐོན་རྫས་འཚོང་རྒྱུ་ཡིན་པས། རེ་བར་ད་ལོའི་ཚོང་སྔ་ལོ་ལས་ཡག་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།

གསར་འགོད་པས་ཚོང་འདུས་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཚོང་འདུས་ཐོག་ད་དུང་འཛད་སྤྱོད་ལ་སྐུལ་འདེད་དང་། རླངས་འཁོར་འགྲེམས་ཚོང་། ཟོག་འགྲེམས་ཁ་གསབ། དྲ་ཐོག་ཚོང་དོན་ཐད་གཏོང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ཡར་ཀླུང་ཚོང་འདུས་སྐབས་ཞེ་བཞི་པ་ཟླ་12ཚེས་1ཉིན་ནས་7ཉིན་བར་འཚོག་རྒྱུ་དང་དུས་ཡུན་ཉིན་7ཡིན་པ་རེད།།

ཡེ་ཤེས་བཟང་མོས་བསྒྱུར།

བསོད་བསྟན་དང་བདེ་དཔལ་གྱིས་ཞུས།

↑འདི་ནི་གྲ་སྒྲིག་ཨང་གསར་བྱས་པའི་རྫོང་ཁག་གི་འགྲེམས་ཁུལ་ཡིན་པ།

↑ འདི་ནི་ཚོང་འདུས་ཁྲོམ་རའི་བདེ་འཇགས་འགྲོ་ལམ་བཟོ་བཞིན་པ།

↑ འདི་ནི་ཚོང་འགྲེམས་ཁྲོམ་བཀྱག་བཟོ་བཞིན་པ།

↑འདི་ནི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་ཡིན་པ།

↑ འདི་ནི་ཚོང་པ་ཚོས་ཚོང་འགྲེམས་ཁུལ་གྱི་བཅད་ཁ་འཐེན་བཞིན་པ།

←འདི་ནི་ཚོང་འདུས་ཁྲོམ་རའི་ཐོག་གི་ཆུ་མཁོ་འདོན་ཁུལ་ཡིན་པ།

← འདི་ནི་ཚོང་འདུས་ཁྲོམ་རའི་བཀོད་འདོམས་པུའུ་ཡིན་པ།

↑ འདི་ནི་ཡརང་ཚོང་འདུས་ཚོགས་རའི་ཉེ་འགྲམ་གྱི་ཁོར་ཡུག་གཙང་སྦྲ་བྱེད་པའི་གནས་ཚུལ་ཡིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ལྷོ་ཁའི་ཡར་ཀླུང་ཚོང་འདུས་ཀྱི་གྲ་སྒྲིག་ལས་དོན་ཁག་ ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ།