第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年11月29日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་“རྙིང་ཚབ་གསར་བརྗེའི”གཟིགས་སྐྱོང་ ཁ་གསབ་ལ་བརྟེན་ནས་དངོས་ཕན་སྦྱིན་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འཛད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་ཆེད།ངེད་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་ཡུན་རིང་རྒྱལ་བུན་མ་དངུལ་གང་ལེགས་སྤྱད་དེ་བདེ་སྐྱིད་ལྡན་པའི་ཡར་ཀླུང་། བདེ་སྐྱིད་འཚོ་བའི་ལོངས་སྤྱོད་ཅེས་པའི་འཛད་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་སྔར་བས་འཕེལ་བ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་སྟེ་དཔལ་འབྱོར་བསྐྱར་འཕེལ་དང་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་ལེགས་སུ་གཏོང་བཞིན་ཡོད་པ་རེད།

ཟླ་11ཚེས་26ཉིན་གསར་འགོད་པས་ངེད་གྲོང་ཁྱེར་གྱི་རླངས་འཁོར་དང་། ཐབ་ཆས། ཁྱིམ་སྤྱོད་གློག་ཆས་བཅས་དང་དེ་བཞིན་གློག་སྒུལ་རྐང་འཁོར་ཚོང་ཁང་མང་པོ་ཞིག་ལ་བཅར་འདྲི་བྱེད་སྐབས་རྙིང་ཚབ་གསར་བརྗེའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་ཤེས་བྱུང་། སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ཧུའུ་ནན་ལམ་ཆེན་གྱི་ཅིང་ཏུང་ཁྱིམ་སྤྱོད་གློག་ཆས་ཚོང་ཁང་ནང་རིག་ནུས་བརྙན་འཕྲིན་ནས་རྩེར་སོན་གྱི་དུ་དྲེག་འཕྲུལ་ཆས་དང་། འཐུང་ཆུ་གཙང་སེལ་འཕྲུལ་ཆས་སོགས་འཛིན་ཆས་འདྲ་མིན་སྣ་ཚོགས་གང་དགོས་བྲིན་འཚོང་བྱེད་བཞིན་ཡོད་ཅིང་། གྲོང་མི་མང་པོ་ཞིག་འདི་གར་ཉོ་སྒྲུབ་བྱེད་བཞིན་འདུག། དངོས་ཟོག་ཉོ་མཁན་བསྟན་འཛིན་དབང་མོས་ད་ཐེངས་ཀྱི་རྙིང་ཚབ་གསར་བརྗེའི་གོ་སྐབས་དང་བསྟུན་ནས་རང་གི་ཁྱིམ་ཚང་ནང་སྒོར་13000རི་བའི་བཟོ་ལྟ་དཔེ་གསར་གྱི་འཁྱགས་སྒམ་གཅིག་གསར་དུ་ཉོས་པར་གཟིགས་སྐྱོང་ཁ་གསབ་སྒོར་2000ལྷག་ཙམ་རག་ཡོད། ཁོ་མོས་ད་རེས་བྱེད་སྒོ་འདིའི་ཁ་གསབ་མཐོ་པོ་འདུག་པས། ང་ཚོའི་ངོས་ནས་བརྗོད་ན་ནང་ཆས་གསར་པ་ཉོ་བའི་གོ་སྐབས་ཡག་པོ་ཞིག་རེད་འདུག། སླད་ཕྱིན་ད་དུང་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད། རྙིང་ཚབ་གསར་བརྗེའི་བྱེད་སྒོ་མུ་མཐུད་སྤེལ་བ་དང་ཆབས་ཅིག་ཚོང་དུད་ཁག་གི་བྲིན་ཚོང་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཅིང་ཏུང་ཁྱིམ་སྤྱོད་གློག་ཆས་ཚོང་ཁང་གི་འགོ་འཛིན་སྒྲོལ་མས། རྙིང་ཚབ་གསར་བརྗེའི་བྱེད་སྒོ་དེ་སྤེལ་ཚུན། ང་ཚོའི་ཚོང་ཁང་ནང་ཅ་ལག་ཉོ་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་སོང་། སྲིད་གཞུང་གིས་བྱེད་སྒོ་འདི་འདྲ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱེད་སྒོ་འདིས་འཛད་སྤྱོད་ལ་སྐུལ་མ་ཐེབས་པ་མ་ཟད། ད་དུང་ཚོང་ཁང་ནང་གི་ཡོང་འབབ་ཀྱང་མང་དུ་ཕྱིན་སོང་། ང་ཚོས་ངེས་པར་དུ་སེམས་ཤུགས་ཡོད་རྒུས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ནས། སྐུ་མགྲོན་ཚོ་བློ་མགུ་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་བརྗོད་དོ།

མོ་ཊ་ཚོང་ཁང་དུ་ཡང་། རྙིང་ཚབ་གསར་བརྗེ་བྱེད་པའི་བྱེད་སྒོ་དེར་རྒྱ་ཆེའི་ཚོང་དུད་དང་གྲོང་མི་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད། གྲོང་མི་བཀྲ་ཤིས་དབང་འདུས་ཀྱིས། ལྷོ་ཁའི་གཞུང་ཕྱོགས་དཔོད་ཆུང་ཞེས་པའི་སྐད་འཕྲིན་སྤྱི་རྟགས་སོགས་བརྒྱུད་ད་ཐེངས་ཀྱི་བྱེད་སྒོ་ཤེས་རྟོགས་བྱུང་རྗེས། ལམ་སེང་གཙང་ཁྲེ་ཐང་མོ་ཊ་ཚོང་ཁང་དུ་ཡོང་ནས་ང་རང་གིས་དགའ་ཤོས་བྱེད་པའི་མོ་ཊ་འདི་བདམས་པ་ཡིན། ཁོང་གིས། ཁྱིམ་ཚང་ནང་མོ་ཊ་གཅིག་དགོས་ངེས་ཅན་རེད་འདུག་ལ། ད་རེས་ཀྱི་བྱེད་སྒོ་འདིར་གཟིགས་སྐྱོང་ཁ་གསབ་མཐོ་པོ་འདུག། བྱས་ཙང་ངས་ཐེ་ཚོམ་གང་ཡང་མེད་པར་མོ་ཊ་གཅིག་ཉོས་པ་ཡིན། ཁ་གསབ་དངུལ་ཚང་མ་བསྡོམས་ན་སྒོར་14000རག་བྱུང་བས་ཧ་ཅང་དགའ་པོ་བྱུང་། སྲིད་གཞུང་གིས་ཁ་གསབ་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་འདི་མ་སྤེལ་གོང་། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་ཁེ་ལས་དང་ཚོང་པར་ས་གནས་ས་ཐོག་ཏུ་གསོ་སྦྱོང་སྤྲས་ནས་འབྲེལ་ཡོད་སྲིད་ཇུས་དང་བྱེད་སྒོའི་བརྒྱུད་རིམ་གསལ་འགྲེལ་གཏིང་ཟབ་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་དྲིལ་བསྒྲགས་བརྡ་ཁྱབ་བཟོས་ནས་བྱེད་སྒོའི་ནང་ཞུགས་མཁན་ཚོང་པ་ཚོས་མངོན་གསལ་དོད་སར་སྦྱར་ཏེའཛད་སྤྱོད་པ་ཚང་མས་གཟིགས་སྐྱོང་ཆ་འཕྲིན་གང་ལེགས་ཤེས་ཐུབ་པ་བྱས་ཡོད་པ་རེད། གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་ལྷ་མོས། མིག་སྔར། རེས་སྐོར་གཉིས་པའི་འཛད་རྫས་རྙིང་ཚབ་གསར་བརྗེའི་བྱེད་སྒོ་དེ་ཁྱིམ་སྤྱོད་གློག་ཆས་དང་། ཐབ་ཆས། མོ་ཊ། གློག་སྒུལ་རྐང་འཁོར་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་དང་ཚོང་པ་95ཡིས་མིང་ཐོ་བཀོད་པ་དང་དེའི་ནང་ཞུགས་ཡོད། ད་ཐེངས་ཀྱི་བྱེད་སྒོར་སྔོན་དཔག་བྱས་ན་ཀྲུང་དབྱང་གི་ཡུན་རིང་རྒྱལ་བུན་མ་དངུལ་སྒོར་ཁྲི་3000ཙམ་གཏོང་རྩིས་ཡོད་པ་རེད། གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཐབས་མང་མཉམ་སྤྱོད་ཀྱིས་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་སྤུས་ལེགས་གོང་ཁེའི་ཐོན་རྫས་དང་ཞབས་ཞུ་འདོན་རྒྱུའི་ལྕག་སྐུལ་བྱས་ཏེ་འཛད་སྤྱོད་པའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ནས་གཟིགས་སྐྱོང་སྲིད་ཇུས་ཁག་གིས་རྒྱ་ཆེའི་ཁེ་ལས་དང་འཛད་སྤྱོད་པར་དངོས་འབྲེལ་ཕན་པ་ཐོབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་དོ།།

བསོད་ནམས་བསྟན་པས་བསྒྱུར། ཡེ་བཟང་དང་མཚམས་གཅོད་ཀྱིས་ཞུས།

འདི་ནི་གྲོང་མི་བཀྲ་ཤིས་དབང་འདུས་ཀྱིས་རྙིང་ཚབ་གསར་བརྗེའི་གཟིགས་སྐྱོང་ཁ་གསབ་གོ་སྐབས་སྤྱད་དེ་མོ་ཊ་གསར་པ་བདམས་བཞིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ངེད་གྲོང་ཁྱེར་གྱིས་“རྙིང་ཚབ་གསར་བརྗེའི”གཟིགས་སྐྱོང་ ཁ་གསབ་ལ་བརྟེན་ནས་དངོས་ཕན་སྦྱིན་པ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས་@