འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། སྣ་དཀར་རྩེ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ནས་རིགས་དབྱེ་བ་དང་མང་ཚོགས་ཁག་བགོས་བྱས་ཏེ་མང་ཚོགས་དང་འབྲེལ་འདྲིས་དང་། འཚོ་བ་དང་ཉེ་བ། མི་སེམས་ལ་ཟུག་པ་བཅས་ཀྱི་རྣམ་པའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་དགོངས་དོན་མི་སེམས་ལ་ཟུག་པ་བྱས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་གཞི་རྐང་ཚུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་སྣ་དཀར་རྩེ་རྫོང་གིས་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་210ལྷག་ཙམ་སྤེལ་ཡོད་པ་རེད།
འགོ་ཁྲིད་ལས་བྱེད་པས“སྣེ་ཁྲིད་སྒྲོག་འགྲེལ་”བྱས་ནས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་པ། སྣ་དཀར་རྩེ་རྫོང་ཨུད་ཀྱིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། རྫོང་ཨུད(རྒྱ་ཆེ)ཚོགས་འདུ་སོགས་འཚོགས་ནས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཐེངས་མང་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེ་སྟོན་ཐོག། སློབ་སྦྱོང་དང་བསམ་གཞི། ལག་ལེན་བཅས་བྱས་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ། རྫོང་ཨུད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ཤང(གྲོང་རྡལ)དང་། གྲོང་ཚོ(སྡེ་ཁུལ)སློབ་གྲྭ དགོན་སྡེ་བཅས་ཁག་ཏུ་དཔེ་སྟོན་སྒྲོག་འགྲེལ་བྱས་པ་དང“འགག་རྩའི་ཉུང་ཤས”ལ་བརྟེན་ནས“ཆེས་མང་ཆེ་བར་སྐུལ་ཁྲིད་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ལ་ཁྱོན་ཡོངས་ནས་གོ་བ་ཡང་དག་ལེན་པ། ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་སོགས་ལ་དམིགས་ནས་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་པ། གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོའི་བདེ་རྩ་སོགས་མི་སེར་གྱིས་དོ་ཁུར་དང་གླེང་ཆ་ཆེ་བའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིབ་ཕྲ་འགྲེལ་བཤད་བརྒྱབ་ཡོད་པ་རེད།
སྒྲོག་འགྲེལ་དཔུང་ཁག་གིས“རྒྱུད་རིམ་ལྡན་པའི་སྒྲོག་འགྲེལ”བྱས་ནས་བསམ་བློའི་འགྲིལ་ནུས་ཆེ་རུ་བཏང་བ། “དོན་དངོས་དང་ཉེ་བ། འཚོ་བ་དང་ཉེ་བ། མང་ཚོགས་དང་ཉེ་བ”བཅས་ཀྱི་དམིགས་ཚད་ངེས་གནས་ལ་དམ་པོར་དམིགས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི“ཁུག་ཁྱེར་སྒྲོག་འགྲེལ་རུ་ཁག”གིས་རྒྱུན་མཐུད་ངང་སེམས་ནུས་བཏོན་ཐོག་རྣམ་པ་འདྲ་མིན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་རྣམ་པ་དང་གཞི་རྟེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱ་ཆེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྒྲོག་འགྲེལ་ནང་ཞུགས་པའི་སྤྲོ་སྣང་འཕེལ་བ་བྱས་པ་རེད། ཞིང་ནང་དང་ཕྱུགས་འཚོ་ས། སྦྲ་གུར་སོགས་ནང“ཁྱོན་ཡོངས་དང་མཉམ་འགུལ་རྣམ་པའི”སྒྲོག་འགྲེལ་བྱས་པ། མང་ཚོགས་ཀྱི་སྒོ་འགྲམ་དུ་འཆད་ཁྲིད་བྱེད་པ་དང་། ཞིང་ནང་དང་མུ་ཁ་དག་སློབ་ཁང་དུ་བརྩིས་ཐོག། “ཉེ་འགྲམ་གྱི་བྱ་བར”བརྟེན་ནས“སྲིད་ཇུས་ཆེན་པོར”གསལ་འགྲེལ་བྱེད་པ། “གཏམ་རྒྱུད་ཆུང་ངུ”དྲངས་ནས“གནས་ལུགས་ཆེན་པོ”གསལ་བཤད་བྱེད་པ། ཏང་གི་སྲིད་ཇུས་དང་གསུང་སྒྲ“མང་ཚོགས་ཉེ་འགྲམ་དུ་སྐྱེལ་བ”བཅས་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དག་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་ཐུབ་པ་བྱས་ཡོད་པ་རེད།
ཀྲི་པུའུ་ཡིས་སྣེ་ཁྲིད་ནས་“རྣམ་པ་འདྲ་མིན་གྱི་སྒྲོག་འགྲེལ”བྱས་ཏེ། སློབ་སྦྱོང་གོ་ལོན་གཏིང་ཟབ་བྱེད་པར་སྐུལ་སྤེལ་བཏང་བ། རིམ་ཁག་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་གཙོ་དོན་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤྱད་དེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་དང་། མི་སེར་གྱིས་དོ་ཁུར་ཆེ་ཤོས་བྱེད་ས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་དངོས་ཕན་ཆེ་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་གནད་དོན་ལ་དམིགས་ནས་རིགས་པའི་གཞུང་ལུགས་ཆེན་པོ་དེ་དག་ནང་ཚན་ཆུང་ངུར་སྒྱུར་བ་དང་། རིགས་པའི་གཞུང་ལུགས་ཆེན་པོ་དེ་དག“གཞི་རིམ་དང་འབྲེལ་བའི”སྐད་ཆར་འགྱུར་བ་བྱས་ནས་གསལ་འགྲེལ་བརྒྱབ་པ་དང་འབྲེལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་ཐད་ཏང་ཡོན་མང་ཚོགས་དང་སྤེལ་རེས་དང་གྲོས་བསྡུར་ཡང་བྱས་པ་རེད། དེ་དང་ཆབས་ཅིག་ཏང་ཡོན་རྒན་གྲས་དང་དང་བླངས་པ་སོགས་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ“རྐུབ་སྟེགས་འདུ་ཚོགས”དང་། “སྒོ་རའི་འདུ་ཚོགས”“ཞིང་ནང་འདུ་ཚོགས་”སོགས་ཀྱི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་དང་མཉམ་དུ་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལྷུག་པོར་གླེང་བ་དང་། གསོན་ཉམས་དོད་པའི་གྱོད་དཔེ་དང་། ལྷད་མེད་ཀྱི་བརྩེ་སེམས། སྤྲོ་སྣང་འཕེལ་བ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
དྲ་ཐོག་དང་དྲ་ཕྱི་གཉིས་ནས“མཉམ་དུ་སྒྲོག་སྤེལ”བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ། སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་རྒྱ་ཆེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་“སྒོ་རྩར་སློབ་སྦྱོང་སྐྱེལ་བ”དང“དྲ་ཐོག་ཏུ་སློབ་སྦྱོང་བྱེད་དུ་འཇུག་པའི”བྱེད་སྒོ་སྤེལ་བ། སྒྲོག་འགྲེལ་པ་ཚོས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་དང་ཅི་འཕྲོས་མོལ་འཕྲོས་ཤོད་པའི་ཐོག་པས། ངང་རྒྱུད་རིང་པོས་སྲིད་ཇུས་དང་ལྟ་ཚུལ་འགྲེལ་བཤད་བརྒྱབ་ནས “གྲོང་གསེབ་ཀྱི་སྐད་སྒྲ”དེ་དག་“ཏང་གི་གསུང་སྒྲ་”ཆགས་པ་བྱས་ཐོག། ཏང་གི་སྲིད་ཇུས་དང་དགོངས་དོན་གསར་ཤོས་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་བྱས་པ། དུས་མཚུངས་ད་དུང་རྒྱང་བསྒྲགས་དང་། དྲིལ་བསྒྲགས་ཆེད་སྒྲོམ། “སློབ་བརྩོན་རྒྱལ་ཁབ”APPསྐད་འཕྲིན་སྤྱི་སྟེགས། སྐད་འཕྲིན་ཚོགས་པ་སོགས་གཞི་རྟེན་བྱས་ཏེ་གཏན་སྡོད་མིན་པའི་ཏང་ཡོན་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གི་སྦྲེལ་མཐུད་དཔྱད་ཡིག་བརྒྱུད་སྤེལ་བྱས་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་ཕན་ནུས་རང་བཞིན་མཐོ་རུ་བཏང་ནས་ཚང་གྲོས་ཀྱི་དགོངས་དོན་ཁྱིམ་ཚང་ཀུན་ལ་ཁྱབ་པ་དང་། གང་ས་གང་དུ་སློབ་ཁང་ཡོད་པ། དུས་དང་རྣམ་པ་ཀུན་ཏུ་ཤུགས་རྐྱེན་ཐེབས་པ། མི་ཚང་མར་སློབ་གསོ་ཐེབས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། ཡེ་བཟང་དང་བསོད་དོན་གྱིས་ཞུས།