第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།
ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་བཏང་བ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་ཟླ་11པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ།
| 山南网首页 |
2024年11月11日 星期
3 上一篇 放大 缩小 默认
2024ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱེད་པའི་ས་གནས་ས་ཐོག་གི་གྲོས་མོལ་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ།
སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་ཟླ་11པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་10ཚེས་27ནས་30ཉིན་བར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་སྒྲིག་འཛུགས་འོག་ཞིང་ཆེན་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་གྲོས་མོལ་རིགས་གཅིག་མཁས་ཅན་25ཡིས་འབྲེལ་ཡོད་སྨན་རྫས་ཁེ་ལས་དང་ས་གནས་ས་ཐོག་ཏུ་གྲོས་མོལ་དང་ཧབ་གོང་བྱས་པར་ཁེ་ལས་127དང་སྨན་རྫས་སྣ་ཁ་162དང་འབྲེལ་བ་ཡོད་པའི་ནང་སྨན་བཅོས་འགན་བཅོལ་དཀར་ཆག་ནང་མ་ཚུད་པའི་སྨན་རྫས་སྣ་ཁ་117དང་སྨན་བཅོས་འགན་བཅོལ་དཀར་ཆག་ནང་གྲོས་མོལ་དང་མུ་མཐུད་གན་རྒྱ་བཞག་པའི་སྨན་རྫས་སྣ་ཁ་45ཡོད་པ་རེད། འདི་ལོའི་ས་གནས་ས་ཐོག་གི་གྲོས་མོལ་ལས་དོན་བརྟན་ལ་བདེ་བླག་བྱུང་ནས་སྤྱིའི་མཇུག་འབྲས་ལོ་གོང་མ་དང་སྤྱིར་ན་གཅིག་མཚུངས་ཡིན་ལ་སྔོན་དཔག་དང་ཡང་མཐུན་ཡོད། “ཤོང་ཚད་ཆེ་རུ་བཏང”རྗེས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་སྔོན་དཔག་བྱས་ན་ཟླ་11པའི་ཟླ་མཇུག་ཏུ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱ་རྒྱུ་དང་སང་ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སྨན་དང་སྨན་བཅོས་ཞབས་ཞུ་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས། སྨན་བཅོས་འགན་བཅོལ་གྱི་

སྨན་རྫས་དཀར་ཆག་ལེགས་སྒྲིག་བྱ་རྒྱུ་དེ་འགུལ་རྣམ་ཅན་དང་། རྒྱུན་རྣམ་ཅན། ཚད་ལྡན་ཅན་བཅས་ཀྱི་ལམ་བུའི་ཐོག་སླེབས་པས་སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་ཡུན་ཚད་སྔར་བས་བརྟན་དུ་ཕྱིན་པ་དང་། ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་པ། སྨན་གསར་པའི་ཆོག་འཐུས་སྔར་བས་མགྱོགས་སུ་ཕྱིན་པ་བཅས་བྱུང་ཡོད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བཙུཊ་ཚུན། དཀར་ཆག་ལེགས་སྒྲིག་བྱེད་པའི་དུས་ཡུན་དེ་སྔོན་གྱི་ལོ་8ནས་ལོ་གཅིག་བར་ཐུང་དུ་ཕྱིན་པ་དང་། ལོ་ལྟར་གྲོས་མོལ་ནང་ཞུཊ་པའི་སྣ་ཁ་2018ལོའི་སྣ་ཁ་18ནས་ཉེ་བའི་ལོ་གཉིས་ནང་སྣ་ཁ་100ཡན་མང་དུ་ཕྱིན་པ། སྨན་གསར་པ་80%ཙམ་ཁྲོམ་རར་བཏོན་རྗེས་ཀྱི་ལོ་གཉིས་ནང་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་འཇུག་གི་ཡོད། སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་ནང་རྒྱལ་ཁབ་ཕྱི་ནང་གི་མ་དངུལ་དང་། ཁེ་ལས་ཀྱི་གཞི་ཁྱོན། དབང་བའི་ལམ་ལུཊ་ཀྱི་ངོ་བོ་བཅས་ཀྱི་དབྱེ་བ་མེད་པར་ཆ་རྐྱེན་དང་མཐུན་པའི་སྨན་རྫས་ཚང་མ་རང་བདག་ངང་རེ་ཞུ་བྱེད་ཆོག་གི་ཡོད་ཅེས་བརྗོད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།
ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་བཏང་བ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་ཟླ་11པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ།