འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དབུ་བརྙེས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཐུས་ཚང་གཏོང་བ་དང་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་སྒོས། གྲོང་ཁྱེར་དང་། རྫོང་། ཤང་བཅས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་དང་། འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་གནང་བའི་བློ་མཐུན་རྒན་གྲས་བཅས་འགའ་ཤས་ཀྱིས་གཏམ་བཤད་སྤེལ་རེས་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་དང་། ཉིའུ་ཁུན། ཀྲའོ་ཐན་ཝུའུ། གྲའེ་ཁུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཝང་ཏེ་ཝུན་གྱིས་བསྟན་གནང་དོན། ལོ་རྒྱུས་ཀྱི་དུས་མཚམས་ཁག་གི་ནང་། ལྷོ་ཁའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཚད་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་བསྐྲུན། བསྒྱུར་བཅོས། དེ་བཞིན་དུས་རབས་གསར་པ་བཅས་ཀྱི་རེ་འདུན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དུས་བསྟུན་གོམ་བགྲོད། ལག་ལེན་བསྟར་བའི་ཁྲོད་འཕེལ་རྒྱས་སོང་བ་བཅས་བྱས་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གསོན་ཤུགས་ལྷག་པར་རྒྱས་ཡོད་ལ། ལྷོ་ཁའི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་གཙོ་ཁྲིམས་སྐྱོང་བཅས་མངོན་འགྱུར་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཝང་ཏེ་ཝུན་གྱིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཐུས་ཚང་གཏོང་བ་དང་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཐོག ཕྱོགས་ཁག་ལྔའི་ཐད་ཀྱི་དགེ་མཚན་ཆེན་པོ་དང་། ངེས་པར་རྒྱུན་འཁྱོངས་བྱ་དགོས་པ་བརྒྱད་ཀྱི་རྩ་དོན། འདོན་སྤེལ་གང་ལེགས་བྱ་དགོས་པ་བཞིའི་ལས་འགན། ལས་ཁུངས་བཞི་འཛུགས་སྐྱོང་གི་རེ་འདུན་བཅས་ལ་རྒྱུས་མངའ་ཡང་དག་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་ཕུགས་འདུན་ཁྲིམས་བཞིན་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་བྱེད་དགོས། འགན་ནུས་ལག་བསྟར་རྒྱ་སྐྱེད་དང་ཟབ་གཏོང་བྱས་ཏེ། གཅིག་གྱུར་ཚད་དང་མཐུན་པ་གསུམ་གྱི་བླང་བྱ་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཛུགས་གཏོད་བཞིའི་ལས་ཀའི་སྤྱི་ཡོངས་ལ་དམིགས་ནས་ཤུགས་རྒྱག་དགོས། ལས་ཀའི་འགན་ནུས་ཁག་བཞི་ཡི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། འབྲེལ་གཏུག་ཡོད་པ་གཉིས་ཀྱི་བྱེད་སྒོ་ཇེ་ཟབ་ཏུ་སྤེལ་དགོས། འཛུགས་སྐྱོང་བྱ་དགོས་ལྔ་ལ་དམིགས་ནས་རྨང་བརྟན་གཞི་བརྟན་ཐུབ་པ་བྱ་དགོས། མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་ཡར་ཐོན་གསར་པ་ཡོང་བ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་གྱིས་ཞུས།