第04版:解读 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年10月25日 星期
3 上一篇 放大 缩小 默认
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།
 

༡ རྒྱུན་གཏན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་དོན་གང་ཡིན་ནམ།

སྒྲིག་ཁྲིམས་སློབ་གསོར་མཐོང་ཆེན་བྱེད་པ་ནི་རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཉམས་མྱོང་གལ་ཆེན་ཞིག་རེད།

སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་ཡོན་གྱིས་ཏང་གཤིས་བློ་སྦྱོང་ཟབ་གཏོང་དང་། སྒྲིག་ཁྲིམས་ཀྱི་རང་རྟོགས་གོམས་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད།

རྒྱུན་གཏན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་དང་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱས་ན་གཞི་ནས་ཆར་པ་ཆུ་གྲོགས་ལྟར་ཕན་འབྲས་བཟང་ཤོས་ཐོན་ཐུབ།

རྒྱུན་གཏན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་གྱི་སྒྲིག་ཁྲིམས་སློབ་གསོ་སྤེལ་བར་ངེས་པར་དུ་ལམ་ལུགས་ཀྱི་ལམ་སྲོལ་ལ་བརྟེན་ནས་འགན་སྲུང་དང་ཚད་ལྡན་དུ་གཏོང་དགོས།

༢ སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པར《གཏན་འབེབས》ནང་ཕྱོགས་གང་ཐད་ནས་བཀོད་སྒྲིག་བྱས་ཡོད་དམ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་རེད། ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དོན་འཁྱོལ་གྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས།

སྐྱེ་ཁམས་ཤེས་དཔལ་གྱི་རྨང་གཞིའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

༣ “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་བསྟན་དོན། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཆ་འགྲིག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “‘འགག་རྩའི་ཉུང་ཤས’ལ་གཙོ་གནད་ཐོག་དམ་འཛིན་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་དང‘འགོ་ཁྲིད་ཨང་དང་པོར’དམ་འཛིན་ཡག་པོ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་དམིགས་བསལ་གྱི་ཏང་ཡོན་མེད་པ་དང་ཁུག་ཆ་དང་སྟོང་ཆ་གཅིག་ཀྱང་མ་ལུས་པ་བྱེད་དགོས”

“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་པ་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཡུལ་གཙོ་བོ་ཡིན།

“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས།

“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་འགག་རྩ་ནི་ལྟ་སྐུལ་གྱི་ཆ་འགྲིག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:解读
《གཏན་འབེབས》ནང་གི་མིང་ཚིག་གསར་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།