འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ངེད་གྲོང་ཁྱེར་གྱིས་“ས་མཐོའི་སེ་འབྲུ་དམར་པོར”འབོད་པའི་2024ལོའི་ཐེངས་གསུམ་པའི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་རྡོག་ཐོན་གོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་འཛིན་གྱིས་གསུང་བཤད་གནང་།
བསྟན་འཛིན་གྱིས་བླང་བྱ་བཏོན་གནང་དོན། ལྟ་སྐོར་སྒྲིག་འཛུགས་བྱེད་མཁན་དང་སྣེ་ཁྲིད་ལས་དོན་མི་སྣས་བྱེད་པོའི་འགན་འཁྲི་དང་སྣེ་ཁྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་ཏེ་དཔུང་ཁག་སྣེ་ཁྲིད་ཡག་པོ་དང་སློབ་ཞུགས་མི་སྣར་དོ་དམ་ཡག་པོ་བྱེད་དགོས། སློབ་ཞུགས་མི་སྣས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལྷོ་ཁར་ཐོབ་པའི་གྲུབ་འབྲས་རླབས་ཆེན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཡུལ་སྐོར་རིག་གནས་ཐོན་ཁུངས་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ལྷོ་ཁ་འོས་སྦྱོར་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱས་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་བྱེད་པར་སྐྱོད་སའི་ས་གནས་ཀྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་བྱེད་དགོས་པ་དང་། ལྷག་པར་དུ་མི་རིགས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་ལེགས་པོ་དག་རང་ངོས་ཀྱི་ལས་དོན་ཁྲོད་དུ་འདྲ་བཟོ་དང་ཁྱབ་གདལ་གཏོང་དགོས།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་གྱིས་ཞུས།