ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་སོགས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་འཚམ་པའི་སྤུས་ཀ་ལེགས་ལ་ཐོན་འབབ་མང་བའི་ཉུང་སོན་འདེམས་གསོའི་ལས་ལ་གཞོལ་ནས་བོད་ཀྱི་ས་བབ་ཀྱི་ཆ་རྐྱེན་སྣ་མང་ཅན་ལ་དམིགས་པའི་ཉུང་མ་འདེབས་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་རེད། ལྷ་ས་དང་། ནག་ཆུ། གཞིས་རྩེ། མངའ་རིས་བཅས་ཀྱི་ཚོད་འདེབས་ཁུལ་དུ་མུའུ་རེའི་ཐོན་འབབ་སྤྱི་རྒྱ་5000ཡན་ཟིན་ཡོད། ཞིབ་འཇུག་གྲུབ་འབྲས་དེས་ས་གནས་དེ་གའི་ཞིང་ལས་ཐོན་སྐྱེད་དང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད།
འདི་ནི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅང་ལི་ལིས(གཡས)དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོའི་ཡུལ་མིས་ཉུང་སོན་གསར་པ་དང་ཡུལ་དེ་གའི་ཉུང་མ་བསྡུར་བཞིན་པ།