འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་10ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་རྣམ་གཉིས་ནས་ཚེ་རིང་ལྷ་མོ་དང་། བློ་བཟང་ཆོས་དར། བློ་བཟང་དཀོན་མཆོག ཁྲེན་མིང་དབྱིང་སོགས་ལས་འཁྱུར་ངལ་གསོ་གནང་བའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་གཟིགས་པར་ཕེབས་ནས་ཁོང་རྣམ་པ་ཚོས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་ཕུལ་བའི་ལེགས་སྐྱེས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ཁོར་རྣམ་པ་ཚོར་མཛའ་བརྩེའི་འཚམས་འདྲི་གནང་ནས་སྐུ་གཟུགས་གསལ་ཐང་དང་། ཐུགས་སེམས་སྤྲོ་པོ། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) འཚོ་བ་བདེ་ཞིང་སྐྱིད་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།
ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་ཞིང་སྐྱིད། ཚེ་རིང་ལྷ་མོའི་ཁྱིམ་དུ། ལི་ཧྥུའུ་ཀྲུང་དང་བསམ་གྲུབ་ཚེ་རིང་རྣམ་གཉིས་ནས་བགྲེས་སོང་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་འབྲེལ། ཁོང་མོ་ཅག་གི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞུས་གནང་སྟེ། འགོ་ཁྲིད་རྒན་གྲས་ཀྱིས་ལྷོ་ཁའི་བསྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་ཕུལ་གནང་བར་ལྷག་བསམ་དག་པོས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། བགྲེས་སོང་ཁོང་ཚེ་མཇུག་སྐྱིད་པོ་དང་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།འཚམས་འདྲིའི་ཁྲོད། ལི་ཧྥུའུ་ཀྲུང་དང་བསམ་གྲུབ་ཚེ་རིང་བཅས་པས་སྔ་རྗེས་སུ་བློ་བཟང་ཆོས་དར་དང་། བློ་བཟང་དཀོན་མཆོག བསོད་ནམས་ཆོས་པ། ཁྲེན་མིང་དབྱིང་སོགས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོ་དང་མཛའ་བརྩེའི་གླེང་མོལ་གནང་ཐོག ཁོང་རྣམ་པ་ཚོའི་འཚོ་བ་དང་གཟུགས་གཞིའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ལྷན་དུ་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱིར་མིག་འདྲེན་གྱིན། ཁོང་རྣམ་པ་ཚོས་ལྷོ་ཁའི་བསྒྱུར་འཕེལ་བརྟན་གསུམ་ཐད་བཏོན་གནང་བའི་བསམ་གྲོས་གསན་གནང་བ་རེད། ད་དུང་འབྲེལ་ཡོད་ཚན་པས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོར་དོ་ཁུར་གཅེས་སྐྱོང་བྱས་ནས་ཞབས་ཞུའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས་པའི་མངགས་བྱའང་གནང་བ་རེད།
ལི་ཧྥུའུ་ཀྲུང་གིས། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་འཁུར་ཟབ་བཞེས་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་སྤྱད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་པ་ལས། བྱ་གཞག་ཁག་ལ་ཡར་ཐོན་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བྱུང་ཡོད། མིག་སྔ་དང་རྗེས་སོའི་དུས་མཚམས་ཤིག་རིང་། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གལ་ཆེའི་འཐབ་འཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཏང་གི་བཀའ་དྲིན་ཚོར་བ་དང་ཐུན་མོང་ཐོག་འབད་འཐབ་ཡར་བརྩོན་བྱས་ཏེ་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ལི་ཧྥུའུ་ཀྲུང་གིས། ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་འཁུར་ལ་ཐུག་ཡོད་པ་དང་། རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་དོན་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་ཚན་རིག་དང་མཐུན་པར་ཐུག་ཡོད། དེ་བས་ནི། འགོ་ཁྲིད་རྒན་གྲས་དང་ལས་བྱེད་པ་རྒན་གྲས། དེ་བཞིན་བློ་མཐུན་རྒན་གྲས་བཅས་ཀྱིས་འབད་འཐབ་མི་རབས་ནས་མི་རབས་ཀྱི་བར་གནང་བའི་གྲུབ་འབྲས་ཡིན་ཞིང་། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་རྔུལ་ཁྲག་ལས་གྲུབ་པ་ཞིག་ཀྱང་ཡིན། འགོ་ཁྲིད་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ནི་ལྷོ་ཁའི་འཕེལ་རྒྱས་བརྒྱུད་རིམ་གྱི་བདེན་དཔང་གནང་མཁན་དང་སྐུལ་སྤེལ་གཏོང་མཁན་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་ཞེས་དང་། ཚང་མས་སྐུ་གཟུགས་ལ་ཐུགས་བཅག་གནང་ནས་ཚེ་མཇུག་སྐྱིད་རོལ་གནང་རྒྱུ་དང་། སྔར་མུས་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ཆེད་ཐབས་འདོན་ཇུས་འབུལ་གནང་རྒྱུའི་ཐུགས་རེ་བཅངས་པ་རེད།
འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས། བློ་མཐུན་ལི་ཧྥུའུ་ཀྲུང་ནས་ལྷོ་ཁར་ལས་དོན་བསྒྲུབ་པར་ཕེབས་པར་ལྷག་བསམ་དག་པོས་དགའ་བསུ་ཞུ་རྒྱུ་ཡིན། རྒན་ཡོལ་ཞུས་རུང་སྙིང་སྟོབས་མི་ཉམས་པར་སྔར་མུས་བཞིན་གྲོང་ཨུད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་ལྷོ་ཁའི་བསྒྱུར་འཕེལ་བརྟན་གསུམ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། བློ་མཐུན་ལི་ཧྥུའུ་ཀྲུང་གིས་གཙོ་བོ་གནང་བའི་གྲོང་ཨུད་ཀྱི་འགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོས་སྔར་རྒྱུན་བཞིན་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ལྷོ་ཁའི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་མགྲིན་གཅིག་ཏུ་ཆོད་སེམས་བསྟན་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།བསོད་བསྟན་གྱིས་ཞུས།