第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
援藏工作

第03版
综合新闻
 
标题导航
| 山南网首页 |
2024年9月6日 星期
3 上一篇  下一篇 4 放大 缩小 默认
ཕན་ཐོགས་ཡོད་པའི་ལུས་སྦྱོང་འགའ་།
 

༡ འཆམ་འཆམ།

འཆམ་འཆམ་འོས་འཚམ་བྱེད་པ་ནི་དབྱར་ཁའི་ལུས་སྦྱོང་ཡག་ཤོས་ཀྱི་གྲས་ཤིག་རེད་ལ། རྒན་དར་གཞོན་གསུམ་ཚང་མར་འཚམ་པོ་ཡོད། ང་ཚོས་རང་ཉིད་ཀྱི་ལོ་ཚོད་དང་། གཟུཊ་པོར་གཞིགས་ཏེ་འཆམ་འཆམ་འོས་འཚམ་བྱེད་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ། གལ་སྲིད་ཁྱེད་རང་འཆམ་འཆམ་དུ་ཕེབས་དུས་མགོ་ན་བ་དང་ངལ་དུབ་ཆེ་བ་སོཊབྱུང་ཚེ་ངལ་གསོ་ཏོག་ཙམ་བརྒྱབ་ན་ཡག་པོ་ཡོད།

༢ ཆུ་རྐྱལ།

ཆུ་རྐྱལ་གྱིས་ལག་པ་དང་། རྐང་པ། རྐེད་པ་སོགས་ལ་སྦྱོང་བརྡར་ཐེབས་པ་དང་། སྙིང་དང་། ཀླད་པ། གློ་བ། མཆིན་པ་སོཊ་དང་། ལྷག་པར་དུ་ཁྲག་འཁོར་རྒྱུག་ལ་ཧ་ཅང་ཕན་པའི་ལུས་སྦྱོང་ཞིག་རེད། དེས་ན། མི་མང་པོ་ཞིག་གིས་དེར་ཁྲག་རྩའི་སྦྱོང་བརྡར་ཞེས་བརྗོད་ཀྱི་ཡོད། དེས་མ་ཟད། ཤ་རྒྱགས་པ་ཚོས་ཆུ་རྐྱལ་འོས་འཚམ་བརྒྱབ་ན་ཤ་རིད་དུ་འགྲོ་སྲིད། ཐེངས་རེར་སྐར་མ་བཅུ་ནས་སུམ་ཅུ་བར་དང་། གཟའ་འཁོར་རེར་ཆུ་ཐེངས་གཉིས་གསུམ་བར་རྒྱལ་ན་འཚམ་པོ་ཡོད། འོན་ཀྱང་། དགོང་མོའི་ཆུ་ཚོད་10པའི་རྗེས་སུ་ཆུ་རྐྱལ་བརྒྱབ་ཚེ། གཉིད་མི་ཁུག་པའི་སྣང་ཚུལ་ཡང་ཐོན་སྲིད།

༣ བྱ་སྒྲོའི་སྤོ་ལོ།

བྱ་སྒྲོའི་སྤོ་ལོ་ནི་ལུས་པོ་ཡོངས་ལ་སྦྱོང་བརྡར་ཐུབ་པའི་ལུས་རྩལ་ཞིག་རེད། བྱ་སྒྲོའི་སྤོ་ལོ་འོས་འཚམ་བརྒྱབ་ན་གཟུགས་པོ་བདེ་ཐང་ཡོང་བ་དང་མཇིང་ཚིགས་ཀྱི་ནད་འགོག་ཐུབ། ལྷག་པར་དུ་ལུས་ཀྱི་དུག་རྒྱུ་ཕྱིར་འཕུད་པར་སྐུལ་འདེད་གཏོང་ཐུབ། དེར་བརྟེན། གཞོན་ནུ་ཚོས་ཐེངས་རེར་སྐར་མ་40ནས་50བར་དང་། རྒན་རྒོན་དང་ལུས་སྟོབས་ཅུང་ཞན་པས་སྐར་མ་20ནས་30བར་བརྒྱབ་ན་འཚམ་པོ་ཡོད།

༤ ཡོ་ག

ཡོ་ག་ནི་དབྱར་ཁའི་ལུས་སྦྱོང་གི་གདམ་ག་ཡག་ཤོས་ཤིག་རེད། དབྱར་དུས་མིའི་ལུས་པོ་མཉེན་ཤོས་ཀྱི་དུས་ཡིན་པས། ཚིགས་འཆུས་མི་སྲིད། དེར་བརྟེན། ཁོག་པ་སྟོང་པར་ཡོ་ག་བརྩེས་ན་ཕན་ནུས་ཆེ་བ་དང་། ཡག་ཤོས་བྱུང་ན་ཁ་ལག་བཟས་ནས་ཆུ་ཚོད་གཉིས་གསུམ་ཙམ་གྱི་རྗེས་དང་། ཡང་ན་ཡོ་ག་རྩེས་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཁ་ལག་བཟས་ན་ཡག་པོ་ཡོད། ད་དུང་། ཡོ་ག་རྩེས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ཚུན་གཟུཌ་པོ་བཀྲུ་མི་རུང་།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:援藏工作
   第03版:综合新闻
   第04版:解读
ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོཊ་རིང་ལུཊ་འཛུཊ་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས།
ཕན་ཐོགས་ཡོད་པའི་ལུས་སྦྱོང་འགའ་།
དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་འགོ་ཁྲིད་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།