第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཤེས་དཔལ་ལ་སྣང་ཆེན་གྱིས་ཡ་རབས་ ཚུལ་ལྡན་གྱི་སྲོལ་གསར་གཏོད།
གྲོང་ཁྱེར་སྲིད་གཞུང་གིས་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྐོང་འཚོགས་བྱས་པ།
ཞོགས་པ་ཁོག་པ་སྟོང་པར་ཆུ་ ཁོལ་གྲང་བཏུངས་ན་འགྲིག་གམ།
ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།
ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ།
| 山南网首页 |
2024年8月12日 星期
3 上一篇  下一篇 4 放大 缩小 默认
ཞོགས་པ་ཁོག་པ་སྟོང་པར་ཆུ་ ཁོལ་གྲང་བཏུངས་ན་འགྲིག་གམ།
 
མི་མང་ཆེ་བ་རྣམ་ཀུན་ནས་ཆུ་འཐུང་བར་དགའ་པོ་ཡོད། ལྷག་པར་དུ་ཞོགས་པ་མལ་ནས་ལངས་མ་ཐག་ཆུ་འཐུང་བའི་གོམས་གཤིས་ཡོད་ཅིང་། དེར“བདེ་ཐང་ཆུ”དང“དུག་སེལ་ཆུ”ཞེས་བརྗོད་ནས་ཚང་མས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ལ་བརྩི་གི་ཡོད།

འོན་ཀྱང་མི་འགའ་ཞིག་གིས་ཞོགས་པ་མལ་ནས་ལངས་རྗེས་འོ་མ་འཐུང་བ་དང་ཡང་ན་ཀོག་ཧྥེ་སོགས་འཐུང་གི་ཡོད།

འོ་ན། ཞོགས་པ་མལ་ནས་ལངས་རྗེས་ཡང་སྙིང་ཅི་ཞིག་འཐུང་དགོས་མིན་དང་གང་ལ་དོ་སྣང་བྱེད་དགོས་མིན་ཐད་རིགས་གཅིག་མཁས་ཅན་གྱིས་འདི་འདྲ་གསུངས་འདུག

ཞོགས་པ་མལ་ནས་ལངས་རྗེས་གང་ཞིག་འཐུང་དགོས་སམ།

གནད་དོན་དེ་ཞོགས་པ་ཁྱེད་རང་གཉིད་ལས་སད་དུས་ཁ་སྐོམ་པ་དང་འབྲེལ་བ་མེད། གཙོ་བོ་ཁྱེད་ཀྱི་ལུས་པོར་ཆུ་མཁོ་མིན་ལ་ཐུག་ཡོད། ང་ཚོ་གཉིད་དུ་ཡུར་དུས་དབུགས་རྔུབ་གཏོང་དང་རྔུལ་ཆུ་འདོན་པ་སོགས་ལུས་ཁམས་ཀྱི་བྱེད་ནུས་སྔར་བཞིན་འགུལ་སྐྱོད་བྱེད་ཀྱི་ཡོད་པས། ལུས་པོའི་བརླན་གཤེར་གྱི་ཆ་4500MLརྫོགས་ཀྱི་ཡོད། དེས་ན་ཞོགས་པ་ཆུ་ཁོལ་གྲང་བཏུངས་ན་མཚན་དགུང་ལུས་པོ་ནས་ཤོར་བའི་ཆུ་དེ་དག་ཁ་གསབ་བྱེད་ཐུབ།

གལ་ཆེ་ཤོས་ནི་ཞོགས་པ་མལ་ནས་ལངས་དུས་ཆུ་བཏུངས་ན། ཁྲག་སླ་རུ་འགྲོ་བ་དང་། ཁྲག་ཤེད་དམའ་རུ་འགྲོ་བ། ཁྲག་འཁོར་སྐྱོད་ཡག་ཏུ་ཕྱིན་ནས་རིག་པ་གསལ་དུ་འགྲོ་བ་མ་ཟད། ད་དུང་སྙིང་ནད་མི་ཕོག་པའི་ནུས་པ་ཐོན་གྱི་ཡོད། བྱེད་ཐབས་འདི་ལོ་ན་རྒས་པའི་མི་ཚོགས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ།

ཞོགས་པ་ཐོག་མར་ཅི་ཞིག་བཏུངས་ན་འཚམ་མམ།

འདི་ནི་ཆུ་ཁོལ་ཡིན་པ་སྨོས་མེད་རེད།

དེ་ཡང་ཆུ་ཁོལ་ནི་རང་བྱུང་ལྷད་མེད་ཀྱི་དྭངས་ཆུ་གཙང་སེལ་ཐེངས་མང་བྱས་ནས་བསྐོལ་བ་ཞིག་ཡིན་པས། ཆུ་གྲང་མོའི་ནང་གི་འབུ་ཕྲ་བསྐོལ་བས་མེད་པར་གྱུར་གྱི་ཡོད། དེས་མ་ཟད། ཆུ་ཁོལ་ལ་འཚོ་བཅུད་ཀལ་སོགས་ལྡན་པས་མིའི་གཟུགས་པོར་ཕན་པ་ཧ་ཅང་ཆེན་པོ་ཡོད།

ཞིབ་འཇུག་ལས་མངོན་པར། འཚོ་བཅུད་ཀལ་དང་མའེ་སོགས་ལྡན་པའི་ཆུས་སྙིང་ཁྲག་གི་ནད་སྔོན་འགོག་ཐུབ་ཀྱི་ཡོད། གཞན་ཡང་། ཆུ་ཁོལ་གྱིས་ལུས་པོར་ཆུ་ཁ་གསབ་ཐུབ་ལ་ཁྲག་འཁོར་སྐྱོད་ཡག་ཏུ་ཕྱིན་ནས་རིག་པ་གསལ་དུ་འགྲོ་ཐུབ།

དེར་བརྟེན་ཞོགས་པ་མལ་ནས་ལངས་རྗེས།གཟུཊ་པོའི་དྲོད་ཚད་དང་འཚམ་པའི་ཆུ་200MLའཐུང་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ་ཆུ་དེ་ག་ལེར་འཐུང་དགོས་པ་ལས་ཧུབ་ཐེངས་གཅིག་ལ་འཐུང་མི་རུང་།

ཞོགས་པ་ཆུ་འཐུང་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད་དམ།

ཆུ་ཁོལ་གྲང་འཐུང་དགོས། ཡུན་རིང་བཞག་པའི་ཆུ་དང་ཞག་གཅིག་སོང་བའི་ཆུ་ཡག་ཤོས་བྱུང་ན་འཐུང་མི་རུང་།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:解读