འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྲིད་གཞུང་གིས་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག ཏང་ཙུའུ་ཚན་ཁག་གི་ལོ་སྟོད་ལས་དོན་སྤེལ་ཚུལ་སྙན་ཞུ་གསན་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྒྲིག་སྲོལ་ལ་གྲོས་ཞིབ་བྱས་པ་དང་འབྲེལ། སྲིད་གཞུང་ཁོངས་གཏོགས་ཀྱིས་ཆབ་སྲིད་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་ཐོག རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་མུ་མཐུད་ནས་སྤྱོད་ཚུལ་ལ་འགྱུར་ལྡོག སྒྲིག་སྲོལ་སྒྲིག་ལམ་ནན་བསྟར། སྲིད་གཙང་དོན་གཉེར་གྱིས་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་བསྒྲུབ་པ་བཅས་ཐོག་ནས་སྤུས་མཐོའི་གོང་འཕེལ་གཏོང་ཡུལ་གྱི་བྱ་གཞག་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་འབོད་སྐུལ་དང་སྐུལ་སློང་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧྲན་ཆང་དང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་། གྲོང་སྤྱི་གཞོན་པ་ཡང་ཧོང་པིང་དང་། འཇམ་དགའ། ཀྲེང་ཁྲོན་ཅིང་། ཕུན་ཚོགས། ཚེ་རིང་གཡང་འཛོམས། ཧན་ལེའང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ཏང་ལ་མཐའ་གཅིག་ཏུ་གོང་བཀུར་ལྷག་བསམ་བཅངས་ཏེ་ཏང་གི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་འགྱུར་ཚད་མཐོན་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་གལ་ཆེའི་རྩ་དོན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ཚུགས་གནས་བརྟན་གཏོང་། རྣམ་འགྱུར་བརྟན་འཁྱོངས་བཅས་ཐུབ་པ་བྱེད་དགོས། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི་རྩ་དོན་འཛུགས་སྐྱོང་བརྟན་པོ་བྱེད་དགོས། མི་དམངས་ལྟེ་བར་བཟུང་བའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཡག་པོ་བསྟར་ནས་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཅི་ཡོད་དམངས་འདུན་ཉན་པ་དང་། དམངས་སེམས་མཚོན་པ། དམངས་ཀྱི་བློ་རིག་བསྡུ་ལེན་བཅས་དང་མཐུན་གང་ཐུབ་ཡོང་རྒྱུར་འགན་ལེན་བྱེད་དགོས།
ཆབ་སྲིད་ཀྱི་བྱས་འབྲས་ལྟ་བ་ཡང་དག་འཛུགས་སྐྱོང་བྱས་ཏེ་རྨང་གཞི་སྲ་བརྟན་དང་ཕུགས་ལ་ཕན་པའི་བྱ་བ་གང་མང་མང་བསྒྲུབ་དགོས། མཐུན་སྒྲིལ་རོགས་རེས་ལ་དོ་ཁུར་བྱས་ཏེ་ཐུན་མོང་ཐོག་ལྷོ་ཁའི་ལས་དོན་ཁག་བསྒྲུབ་ཆེད་སེམས་ནུས་གཅིག་ལ་བསྒྲིལ་དགོས། སྒྲིག་ཁྲིམས་ལ་བརྟེན་ནས་མཐུན་སྒྲིལ་ལ་འགན་ལེན་བྱེད་དགོས་པ་དང་། དགོངས་སྐོར་སྙན་ཞུའི་ལམ་ལུགས་དང་དོན་གྲོས་ལམ་སྲོལ། ཇུས་འདོན་ལས་རིམ་བཅས་དོན་འཁྱོལ་ནན་པོ་བྱེད་དགོས། རང་གཅུན་རང་སྡོམ་ལ་སྣང་ཆེན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་རྒྱུན་འཁྱོངས་སྒོས། སྤྱོད་གཙང་སྲིད་གཙང་དང་གནོང་འགྱོད་མེད་པའི་འགོ་ཁྲིད་ལས་བྱེད་པ་ཞིག་ཆགས་པ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དོ་དམ་ནན་པ་དང་དམ་འཛིན་ཕོད་པ་བྱས་ཏེ། ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ཡག་པོ་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཆབ་སྲིད་སྐྱེ་ཁམས་དྭངས་ཤིང་གཙང་བ་ཞིག་བསྐྲུན་དགོས།
སྤྱོད་ཚུལ་ལེགས་གཏོང་རྒྱུན་མཐུད་ཐུབ་པ་བྱས་ཏེ། ཚོགས་འདུའི་ཚོགས་ཡུན་དང་ཚོགས་ཐེངས། ཡིག་ཆ་སྤེལ་ཐེངས་བཅས་ཉུང་དུ་བཏང་ནས་གཞི་རིམ་འཐབ་ས་མདུན་མར་ཟབ་འཇུག་གིས་རྟོག་ཞིབ་དང་གནད་དོན་ཐག་གཅོད་མང་ཙམ་བྱེད་དགོས། དམ་པ་དོན་གཉེར་གྱི་སྲོལ་བཟང་དར་སྤེལ་བཏང་སྟེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཉེར་རྒྱུར་སྤྲད་པའི་ལས་འགན་ཅི་ཡོད་སེམས་ནུས་ཡོད་རྒུས་བྱ་སྤྱོད་ངོ་མའི་ཁྲོད་དོན་འཁྱོལ་ཐུབ་པ་བྱས་ནས་ལས་དོན་ཁག་ལ་དངོས་ཕན་ཐོབ་རྒྱུར་སྐུལ་འདེད་ལྷོད་མེད་གཏོང་དགོས།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བཟང་མོས་ཞུས།