འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གོང་དཀར་རྫོང་ཨུད་རིགས་གཞུང་ལྟེ་བའི་ཚོ་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་གི་ཚོགས་འདུ་བསྐོང་འཚོགས་བྱས་པ་རེད།
གྲོང་ཨུད་རྒྱུན་ཨུ། གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྲེང་གཡུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུས་ནན་བཤད་བྱས་དོན། ཚང་གྲོས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་གི་དོན་སྙིང་གལ་ཆེན་ལ་རྒྱུས་མངའ་ཡང་དག་པ་བྱེད་དགོས་པ་དང་། ལྷག་དོན་དུ་དམིགས་པ་བདུན་གྱི་གཞི་རྩའི་རེ་འདུན་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་གི་ཞིབ་ཕྲའི་བཀོད་སྒྲིག་རེ་འདུན་ཁག་14ལ་རྒྱུས་ལོན་ཏན་ཏིག་བྱས་ཏེ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སེམས་ནུས་གཅིག་ལ་བསྒྲིལ་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་གི་འཐབ་ཇུས་བཀོད་སྒྲིག་དག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས། ཚང་གྲོས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་གསལ་འགྲེལ་ཡག་པོ་བརྒྱབ་ནས་ཀུན་གྱིས་རྟོགས་པ་བྱ་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་ས་དེ་ཉིད་འབད་འཐབ་ཀྱི་དམིགས་ཚད་ལ་བཟུང་སྟེ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་དགོས།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བཟང་མོས་ཞུས།