第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཤེས་དཔལ་ལ་སྣང་ཆེན་གྱིས་ཡ་རབས་ཚུལ་ལྡན་གྱི་སྲོལ་གསར་གཏོད།
ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ།  སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ།
ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་འབོད་ཚིག
གྲོང་ཁྱེར་སྲིད་གཞུང་གིས་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྐོང་འཚོགས་བྱས་པ།
| 山南网首页 |
2024年8月12日 星期
3 上一篇  下一篇 4 放大 缩小 默认
ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་8ཉིན། ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ་རེད།

ཧྭ་ནེང་གློག་ཁུངས་གློག་དྲ་དང་། ཡར་གཙང་ཨང་དང་པོ། ཡར་གཙང་ཁྲུའུ་རྨའོ་ཉོ་འཚོང་། ཝུའེ་ཝུའེ་གློག་རྡུལ་ཚོང་དོན་སོགས་རྣམ་གྲངས་6གིས་ཧུའུ་པེ་ཞིང་ཆེན་གྱི་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་དང་ཚོང་འགུག་མ་འདྲེན་སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་བཞག་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་15ཙམ་བཏང་ཡོད་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ། ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཡུན་ཆིང་གིས་ཤིས་ཚིག་བསྒྲོན་གནང་བ་རེད།

ཝང་ཡུན་ཆིང་གིས། དུས་ཡུན་རིང་པོའི་ནང་ཧུའུ་པེ་ཞིང་ཆེན་ཏང་ཨུད་དང་། ཞིང་ཆེན་སྲིད་གཞུང་། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་འོག ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་སྐྱོར་བྱེད་སྟངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་ཐོན་ལས་བོད་སྐྱོར་དང་ཚན་རྩལ་བོད་སྐྱོར་གྱི་ཕྱོགས་སུ་བསྒྱུར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྣམ་གྲངས་གལ་ཆེན་མང་པོ་བདེ་བླག་ངང་དོན་འཁྱོལ་ཐུབ་ནས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གཉིས་ཕན་དང་དྲང་གཞག་མཉམ་ལས་ཀྱི་རྩ་དོན་གཞིར་བཟུང་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་ཐོན་སྐྱེད་བྱེད་འགོ་འཛུགས་པ། སྔ་ཙམ་ཕན་འབྲས་འདོན་སྤེལ་ཐུབ་པ་བཅས་བྱས་ཡོད་ཅེས་གསུངས།

ཁེ་ལས་ཀྱི་འཐུས་མིས་རང་ངོས་ཁེ་ལས་ཀྱི་རིག་གནས་དང་དུས་མཇུག་གི་འཕེལ་རྒྱས་འཆར་གཞིའི་ཐད་གཏམ་བཤད་སྤེལ་བ་དང་འབྲེལ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ཏེ་ཁེ་ལས་དོ་དམ་གྱི་ཉམས་མྱོང་དང་། མདུན་གྲལ་ལག་རྩལ། ཆེད་ལས་ཤེས་ལྡན་མི་སྣ་བཅས་དེ་བས་མང་བ་དང་དེ་བས་ལེགས་པ་ལྷོ་ཁའི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་ཆོད་སེམས་བསྟན་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:解读