第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཤེས་དཔལ་ལ་སྣང་ཆེན་གྱིས་ཡ་རབས་ཚུལ་ལྡན་གྱི་སྲོལ་གསར་གཏོད།
ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ།  སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ།
ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་འབོད་ཚིག
གྲོང་ཁྱེར་སྲིད་གཞུང་གིས་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྐོང་འཚོགས་བྱས་པ།
| 山南网首页 |
2024年8月12日 星期
下一篇 4 放大 缩小 默认
ཤེས་དཔལ་ལ་སྣང་ཆེན་གྱིས་ཡ་རབས་ཚུལ་ལྡན་གྱི་སྲོལ་གསར་གཏོད།
ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།
 

འདི་ནི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཤག་ལྷོ་གྲོང་ཚོའི་མང་ཚོགས་ཀྱིས་གསར་བརྗེའི་བརྗོད་དོན་མཚོན་པའི་འབྲས་དཀར་འཁྲབ་བཞིན་པ།

སན་ཤང་ལམ་ཆེན་དུ་གནས་པའི་སྨོན་ལམ་བོད་ཟས་གཡང་འཁོར་ཟ་ཁང་དང་གྲ་ནང་གཅེན་གཅུང་ཇ་ཁང་དུ་ཉིན་ལྟར་ཇ་འཐུང་བ་དང་ཟ་མ་ཟ་བར་ཡོང་མཁན་རྒྱུན་ཆད་རྒྱུ་མེད། ཉེ་ཆར། ཟ་ཁང་དེ་གཉིས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག་པ་ནི་བྲོ་བ་ཞིམ་པའི་བོད་ཐུག་དང་ཇ་མངར་མོ་ཙམ་མིན་པར། ད་དུང་ཤེས་དཔལ་གྱི་དར་སྲོལ་གསར་པ་ལས་བྱུང་བའི“བསམ་པའི་རྒྱགས་ཕྱེ”ཡང་རེད།

ཇ་ཁང་དུ་ཡུལ་དེ་གའི་ཞིང་འབྲོག་པའི་སྒྲོག་འགྲེལ་པས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི“གཏམ་རྒྱུད་བརྗོད་པའི”ཐོག་ནས་མང་ཚོགས་ལ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། “འབྲས་དཀར”གྱི་ལམ་ནས་བདེ་སྐྱིད་འཚོ་བའི་འགྱུར་ལྡོག་བརྗོད་པར་བརྟེན། ཇ་ཁང་ནང་ཇ་འཐུང་བའི་ཞོར་དུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དེ་མང་ཚོགས་དང་འབྲེལ་འདྲིས་དང་། ཉམས་འགྱུར་ལྡན་པ། དགའ་བསུ་ཐོབ་པ་བཅས་ཀྱི་རྣམ་པ་མངོན་ཡོད། བྱེད་སྒོ་འདིའི་རིགས་2019ལོ་ནས་བཟུང་གྲོང་ཁྱེར་དེ་ཡོངས་སུ་རིམ་རྩིས་བྱས་ན་ཐེངས་6500སྤེལ་ཏེ་ཞུགས་མཁན་མི་ཐེངས་ཁྲི་21.4ལྷག་ཙམ་ཟིན་ཡོད།

ཇ་ཁང་ནས་སྲིད་ཇུས་ཤེས་པ་དང་ཤེས་དཔལ་ལ་སྣང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་པ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཀ་བྱེད་སྟངས་དང་གཞི་རྟེན་གསར་གཏོད་བྱེད་པ་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་ཚོད་ལྟ་ཡག་པོ་ཞིག་ཀྱང་རེད། ད་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》(“《སྲོལ་ཡིག》”ཅེས་བསྡུ་རྒྱུ)སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དར་སྤེལ་གཏོང་བ་དང་། ཤེས་དཔལ་བྱ་སྤྱོད་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་གྲོང་ཁྱེར་དང་རྫོང་རིམ་པའི་སྨྱན་སྦྱོར་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས《སྲོལ་ཡིག》གི་ནང་དོན་ལ་མང་ཚོགས་ཀྱིས་ངོས་འཛིན་དང་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་ཡོད། ལྷོ་ཁའི་དྲ་བས“མ་རབས་བྱེད་སྤྱོད་དམར་འདོན་ལས་སྟེགས”ཞེས་པའི་ཆེད་དོན་ལེ་ཚན་བཟོས་ཏེ་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་དམར་འདོན་དང་། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དམར་འདོན་ཆེན་པོ། སྤྱི་པའི་སྒྲིག་བཀོད་ལ་བདག་གཅེས་མི་བྱེད་པའི་བྱེད་སྤྱོད་དམར་འདོན། འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་མ་རབས་སྣང་ཚུལ་རྒྱུན་མཐུད་དམར་འདོན་བཅས་བྱེད་ཀྱི་ཡོད། ཆུ་གསུམ་རྫོང་གིས“《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》གི་ཤེས་བྱ་ཕྲན་བུ”ཞེས་པའི་ཆེད་དོན་ལེ་ཚན་དུས་ཐེངས་བཞི་གཉེར་ནས《སྲོལ་ཡིག》གི་ནང་དོན་ཡོངས་བཏོན་པ་དང《སྲོལ་ཡིག》དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་བརྙན་ལམ་ཐེངས་4ཕབ་བཟོ་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱི་རོལ་གྱི་LEDགློག་རྡུལ་འཆར་ཤེལ་དང་། ཚན་པའི་དྲིལ་བསྒྲགས་འགྲེམས་པང་། “གྲོང་ཚོ་ཀུན་ཁྱབ”ཀྱི་འཕྲལ་སྡོམ་རླུང་འཕྲིན། རླངས་འཁོར་རྒྱང་བསྒྲགས་སོགས་དྲིལ་བསྒྲགས་གཞི་རྟེན་གང་ལེགས་སྤྱད་དེ《སྲོལ་ཡིག》གི་ནང་དོན་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ་མཐོང་ཐུབ་པ་དང་སྦྱོང་ཐུབ་པར་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྲོལ་ཡིག་སྦྱོང་བ་དང་། སྲོལ་ཡིག་སྤྱོད་པ། སྲོལ་ཡིག་ལ་བརྩི་སྲུང་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:解读
ཤེས་དཔལ་ལ་སྣང་ཆེན་གྱིས་ཡ་རབས་ཚུལ་ལྡན་གྱི་སྲོལ་གསར་གཏོད།
ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ།  སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ།
ཧུའུ་པེ་ཞིང་ཆེན་དུས་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་འབོད་ཚིག
གྲོང་ཁྱེར་སྲིད་གཞུང་གིས་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྐོང་འཚོགས་བྱས་པ།