◆ བདེ་ཐང་གི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། བདེ་ཐང་གི་ཆ་འཕྲིན་བསྡུ་ལེན་དང་། གོ་བ་ལོན་པ། དབྱེ་འབྱེད། བཀོལ་སྤྱོད་བཅས་ཤེས་པ་བྱེད་དགོས།
◆ ཟས་རིགས་ཀྱི་གསལ་བཤད་ཤོག་བྱང་ཀློག་ཤེས་པ་དང་། ཐུམ་སྒྲིལ་རྒྱག་པའི་ཟས་རིགས་ལུགས་མཐུན་ངང་འདེམས་ཤེས་པ་བྱེད་དགོས།
◆རྒྱུན་མཐོང་གི་ཉེན་ཁའི་མཚོན་རྟགས་ངོས་འཛིན་ཐུབ་པ་དང་། ཉེན་ཁའི་ ཁོར་ཡུག་དང་རིང་དུ་གྱེས་དགོས།
◆ཚན་རིག་དང་མཐུན་པའི་སྒོ་ནས་ཁྱིམ་ཚང་ནང་གི་རྒྱུན་སྤྱོད་སྨན་རྫས་ལ་དོ་དམ་བྱས་ཏེ། སྨན་རྫས་ཀྱི་གསལ་བཤད་ཤོག་བྱང་དང་གསལ་བཤད་ཡི་གེ་ཀློག་ཐུབ་པ་བྱེད་དགོས།
◆འཕར་རྩ་དང་ལུས་པོའི་ལྗིད་ཚད། ལུས་པོའི་དྲོད་ཚད། ཁྲག་ཤེད་སོགས་བརྟག་ཐུབ་པ་བྱེད་དགོས།
◆ཛ་དྲག་གི་སྨན་བཅོས་རོགས་སྐྱོབ་དགོས་སྐབས། མྱུར་སྐྱོབ་ཁ་པར་120རྒྱག་ཤེས་པ་བྱེད་དགོས།
◆ ཞིང་སྨན་ཉར་ཚགས་འོས་ཤིང་འཚམ་པ་དང། བེད་སྤྱོད་ཐུབ་པ་བྱེད་དགོས་པ་ལས། བྱིས་པ་དང་འབྲེལ་ཐུག་བྱེད་པར་བཞག་མི་རུང་།
◆ དབུགས་འབྱིན་རྔུབ་དང་གློ་བུར་དུ་སྙིང་རྩ་འཕར་མཚམས་ཆད་པའི་རྨས་མ་དང་འཕྲད་ཚེ། སྙིང་རྩ་དང་དབུགས་རྔུབ་སླར་གསོ་ཤེས་པ་བྱེད་དགོས་པ། ལུས་ཕྱིའི་འདར་སེལ་ཡོ་ཆས(AED)བཀོལ་སྤྱོད་ཤེས་པ་བྱེད་དགོས།
◆ རྨས་སྐྱོན་ཕོག་ནས་ཁྲག་ཐོན་པའི་སྐབས་སུ་ཁྲག་འགོག་པ་དང་རྨ་དཀྲིས་དཀྲི་ཤེས་པ་བྱེད་དགོས། རུས་ཆག་དོགས་གཞི་ཡོད་པའི་རྨས་མ་གང་འདོད་དུ་གནས་སྤོ་བྱེད་མི་ཉན།
◆ འཚིག་རྨས་བྱུང་རིགས་ཐག་གཅོད་བྱེད་ཤེས་པ་དང་། གསུས་པ་རྡེག་ནས་དབུཊ་ལམ་བརྒྱུད་དངོས་པོ་གཞན་ཕྱིར་འབུད་ཐབས་ཤེས་པ་བྱེད་དགོས།
◆གློག་འཁྱུད་མཁན་མྱུར་སྐྱོབ་བྱེད་སྐབས། ཐོག་མར་གློག་ཁུངས་གཅོད་དགོས་པ་ལས། གློག་འཁྱུད་མཁན་ལ་ཐད་ཀར་ཐུག་མི་རུང་།
◆འཛུགས་སྐྲུན་ལ་མེ་སྐྱོན་བྱུང་སྐབས། མེ་སྐྱོན་ཉེན་བརྡའི་ཁ་པར་119བརྒྱབ་ནས་རང་སྐྱོབ་སྲོག་ཉེན་ལས་ཐར་ཐུབ་པ་བྱེད་དགོས།
◆རི་ཉིལ་བ་དང་། རྡིབ་པ། འདམ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་དང་ས་ཡོམ་བྱུང་སྐབས། ཡང་དག་པའི་ཉེན་གཡོལ་བྱེད་ཐབས་ཤེས་པ་དང་། རང་གིས་རང་སྐྱོབ་ཐབས་དང་། ཕན་ཚུན་སྐྱོབ་རེས་བྱེད་ཐབས་ཤེས་པ་བྱེད་དགོས།
◆ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་བྱུང་སྐབས། ཡང་དག་པའི་ཉེན་གཡོལ་བྱེད་ཐབས་ཤེས་ན་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་ཐུབ།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེས་ཞུས།