第01版:头版 4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་བཏོད་པ།
བསམ་གྲུབ་ཚེ་རིང་གིས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་བཀོད་གཏོང་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།
སྐྱེ་ཁམས་བཟང་བའི་གྲོང་གསེབ།
རྒྱ་ཚྭའི་དཔའ་མདའ་གྲོང་ཚོར་ཆུ་འབྲས་སྐྱེ་མཚར་ལེགས།
རྒུན་འབྲུམ་བཏབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
ལྷོ་ཁའི་བྱ་སྤྱོད།
| 山南网首页 |
2024年7月22日 星期
3 上一篇  下一篇 4 放大 缩小 默认
བསམ་གྲུབ་ཚེ་རིང་གིས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་བཀོད་གཏོང་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི། གྲོང་ཁྱེར་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་གིས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གད་སྙིགས་རིགས་དབྱེའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། འདི་ལོ་ཚུན་གྱི་གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་གད་སྙིཊ་རིཊ་དབྱེའི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སྙན་ཞུ་གསན་པ། དུས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་གནད་དོན་དང་ཞན་ཆར་ཞིབ་འཇུག། གཙོ་གནད་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད།

གྲོང་སྤྱི་གཞོན་པ་ཧན་ལེའང་ཚོགས་འདུར་ཞུགས།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་ཚད་བཟོ་བ་དང་འགན་འཁྲི་དམ་དུ་བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། གཙོ་གནད་འབུར་དུ་ཐོན་པ་དང་། གོམ་པ་རིམ་བགྲོད་ཀྱིས་“ལས་ཁུངས་དཔེ་སྟོན་”བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་པའི་ལས་ཁུངས་བཅས་ཀྱིས་སྣེ་ཁྲིད་ནས་མིག་དཔེ་འདོན་སྤེལ་བྱས་ཏེ་ལྗང་མདོག་གཞུང་དོན་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་། འཚོ་བའི་གད་སྙིགས་རིགས་དབྱེའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། “ཁུལ་ཆུང་ཚོད་ལྟའི་ས་ཚིགས་”བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཚད་གཞི་དང་མཐུན་པ་དང་། སློབ་སྦྱོང་བྱེད་རིན་ཡོད་པ། ཁྱབ་གདལ་གཏོང་ཆོག་པ། འདྲ་བཟོ་བྱེད་ཆོག་པ་བཅས་ཀྱི“གད་སྙིགས་རིགས་དབྱེའི་དཔེ་སྟོན་ཁུལ་ཆུང་”ཁག་གཅིག་བསྐྲུན་ནས་ས་ཚིགས་ལ་བརྟེན་ནས་ངོས་ཡོངས་ལ་ཁྲིད་སྟོན་དང་། ངོས་ཡོངས་ལ་བརྟེན་ནས་སྤྱི་ཡོངས་ལ་ཁྲིད་སྟོན་བྱས་ཐོག་འཚོ་བའི་གད་སྙིགས་རིགས་དབྱེ་ཁྱོན་ཡོངས་ལ་ཁྱབ་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གནད་ལ་འཁེལ་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གཞན་དག་གི་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་མི་སྣ་དང་མ་དངུལ་ཐད་རྒྱབ་སྐྱོར་དང་། ཁྲིམས་སྲོལ་སྲོལ་ཡིག་བཟོ་བ། ཚད་གཞི་ཚད་ལྡན་ཅན་འཛུགས་སྐྱོང་སོགས་ཕྱོགས་ཡོངས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཐོག་གད་སྙིགས་རིགས་དབྱེའི་དོ་དམ་ནུས་པ་དང་ལག་རྩལ་འདེགས་སྐྱོར་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་བརྗོད་བྱ་གཙོ་བོའི་སྒྲོག་འགྲེལ་དང་དུད་ཚང་དུ་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་འཚོ་བའི་གད་སྙིགས་རིགས་དབྱེའི་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་བ་དང་། སྐུལ་མ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་འདུ་ཤེས་ནས་བྱ་སྤྱོད་དང་། བྱ་སྤྱོད་ནས་གོམས་གཤིས་སུ་འགྱུར་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་སོ། །

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:生活常识
ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་བཏོད་པ།
བསམ་གྲུབ་ཚེ་རིང་གིས་ལྷོ་ཁ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་བཀོད་གཏོང་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།
སྐྱེ་ཁམས་བཟང་བའི་གྲོང་གསེབ།
རྒྱ་ཚྭའི་དཔའ་མདའ་གྲོང་ཚོར་ཆུ་འབྲས་སྐྱེ་མཚར་ལེགས།
རྒུན་འབྲུམ་བཏབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།
ལྷོ་ཁའི་བྱ་སྤྱོད།