འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་དོན་ལས་དོན་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད། གྲོང་ཨུད་རྒྱུན་ཨུ། དྲུང་ཆེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་ཨུད་ཀྱི་ཧྲུའུ་ཅི་ཨན་ཤིན་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་པ་དང་། གཙོ་གནད་2024ལོའི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་གཙོ་བོ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་ཀའི་བརྒྱུད་རིམ། རྒྱལ་ཡོངས་ཀྱི་ཏང་ཡོན་ཆ་འཕྲིན་དོ་དམ་མ་ལག་བཀོལ་སྤྱོད་བརྒྱུད་རིམ། ཏང་གི་གྲོན་དངུལ་བསྡུ་ལེན་དང་། བེད་སྤྱོད། དོ་དམ་བྱེད་ཐབས་སོགས་ཀྱི་ནང་དོན་ལ་དམིགས་ནས་གཅིག་སྡུད་སློབ་ཁྲིད་དང་སྤེལ་རེས་བྱ་རྒྱུ་རེད།
བསོད་བསྟན་གྱིས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།