第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རིག་གནས་སྟོན་མོ་བཤམས། སྲོལ་ཡིག་སྒྲོག་འགྲེལ་བྱེད།
བདེ་འཇགས་ཤེས་བྱ་ བརྒྱུད་སྤྲོད།
རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་དོན་ལས་དོན་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆེད་དོན་བགྲོ་གླེང་སློབ་འགོ་ཚུགས་པ།
ཡར་ཀླུང་བསྡུས་འཕྲིན།
| 山南网首页 |
2024年6月19日 星期
下一篇 4 放大 缩小 默认
རིག་གནས་སྟོན་མོ་བཤམས། སྲོལ་ཡིག་སྒྲོག་འགྲེལ་བྱེད།
ངེད་གྲོང་ཁྱེར་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་འགོ་ཚུགས་པ།
 

མདུན་ངོས་ཐང་ཆེན་གྱི་གར་སྟེགས་ཐོག་རིག་གནས་སྟོན་མོ་བཤམས། གར་སྟེགས་གཤམ་འོག་ཏུ་སྒྲོག་འགྲེལ་པས་ངོ་ཐུག་གདོང་ཐུག་གིས་ཤེས་དཔལ་སྲོལ་ཡིག་དྲིལ་བསྒྲགས་བྱེད། ཟླ་6ཚེས་13ཉིན། ཤེས་དཔལ་སྲོལ་ཡིག་སློབ་སྦྱོང་བྱས་ནས་ཤེས་དཔལ་སྲོལ་བཟང་དར་སྤེལ་གྱིས་ཤེས་དཔལ་གྲོང་ཁྱེར་བསྐྲུན་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་དང་། 《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་དེ་གྲ་ནང་རྫོང་དུ་སྤེལ་བ་རེད།

བྱེད་སྒོ་དེ《དུས་རབས་གསར་པའི་གོམ་སྟབས》ཞེས་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་པ་རེད།

གཞི་རིམ་གྱི་སྒྲོག་འགྲེལ་པས་དམངས་ཀྱི་སེམས་ལ་ཟུག་པའི་སྒྲོག་འགྲེལ་བྱས་ཤིང་། གྲ་ནང་རྫོང་གི་ཞིང་འབྲོག་པ་བསྟན་འཛིན་ནོར་བུས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་རྣམ་པ་བརྒྱུད་མང་ཚོགས་ལ《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》གསལ་འགྲེལ་བྱས་པ་དང་། ས་གནས་དེ་གའི་སློབ་མའི་འཐུས་མི་དང་ཞིང་འབྲོག་པའི་འཐུས་མིས་ཆོད་སེམས་སྟོན་པའི་གཏམ་བཤད་སྤེལ་བ་མ་ཟད། དང་བླངས་པ་ཚོས་གར་སྟེགས་ཐོག་མཉམ་དུ་ལངས་ནས“ཤེས་དཔལ་བྱ་སྤྱོད་”ཀྱི་གྲོས་འདོན་ཡི་གེ་སྒྲོག་སྦྱངས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པ་བྱས་ཡོད།

གར་སྟེགས་འོག་ཏུ་འཁྲུག་ཆ་དོད་ཅིང་མིག་གི་སྟོན་མོ་བར་མི་ཆད། གྲམ་མདའ་གྲོང་ཚོའི་འཁྲབ་སྟོན་རུ་ཁག་དང་ཆུ་གསུམ་རྫོང་སྒྱུ་རྩལ་ཚོགས་པས་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས། ཞབས་བྲོ《སེ་འབྲུའི་མེ་ཏོག་བཞད》ཞེས་པ་དང་། མི་བཞིའི་མཉམ་གཞས《ཕ་ཡུལ་ལྷོ་ཁ》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པར་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ།

བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང། གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང། གྲོང་ཁྱེར་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་སོགས་ཚན་པ་19ཡིས་དྲིལ་བསྒྲགས་འགྲེམས་པང་དང་། བརྗོད་བྱ་གཙོ་བོའི་བློ་འདྲི། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་མང་ཚོགས་ཀྱི་རྣ་བར་འཇེབས་ལ་མཐོང་སྣང་དོད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་ཁྲིམས་ལུགས་ཁྲིམས་སྲོལ་བློ་འདྲི་དང་། ཚན་རིག་ཁྱབ་གདལ་སློབ་གསོ། བདེ་འཇགས་ཐོན་སྐྱེད། ཞིང་ལས་ལག་རྩལ་ཤེས་བྱ། བུད་མེད་ཀྱི་ཁེ་དབང་འགན་ལེན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

ད་ཐེངས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་“གཤམ་སྤེལ་གསུམ”གྱི་དཔེ་སྟོན་བྱེད་སྒོའི་གར་སྟེགས་དེ་གཞི་རིམ་དུ་ཁ་ཕྱོགས་པ་དང་། “ཤེས་དཔལ་སྲོལ་ཡིག”མུ་ཁར་སྐྱེལ་བ། བདེ་ཐང་ཤེས་བྱ་ཞིང་ཁྱིམ་དུ་སྐྱེལ་ནས། དམངས་ཕན་དམངས་ཕྱུག་གི་མཐའ་མའི་འགག་གནད་སྒྲོལ་བར་བྱས་ཡོད་ལ། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་བྱང་ཚད་བཅས་མཐོ་རུ་ནུས་ལྡན་བཏང་ཐོག་སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་དང་། གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་དང་། ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་རོགས་རམ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཡོད། སླད་ཕྱིན་ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་དང་ཟུང་འབྲེལ་བྱས་ནས“གཤམ་སྤེལ་གསུམ་”གྱི་བྱེད་སྒོ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གྱི་ཞབས་ཞུ་དེ་རྒྱུན་གཏན་ནས་གྲོང་གསེབ་ཏུ་སྤེལ་ཏེ་གཞི་རིམ་མང་ཚོགས་ལ་དངོས་ཕན་གང་མང་ཐོབ་པ་བྱ་རྒྱུ་རེད།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་གྱིས་ཞུས།

འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ། གསར་འགོད་པ་ལི་ཆིང་ལེང་གིས་པར་བླངས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
རིག་གནས་སྟོན་མོ་བཤམས། སྲོལ་ཡིག་སྒྲོག་འགྲེལ་བྱེད།
བདེ་འཇགས་ཤེས་བྱ་ བརྒྱུད་སྤྲོད།
རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་དོན་ལས་དོན་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆེད་དོན་བགྲོ་གླེང་སློབ་འགོ་ཚུགས་པ།
ཡར་ཀླུང་བསྡུས་འཕྲིན།