第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ ཀྱི་རྣམ་པ་གསར་པ་གཏོད་དགོས།
སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབ@
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
| 山南网首页 |
2024年6月19日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དབྱར་གཞུང་ནི། ས་མཐོར་ཨར་སྐྲུན་གྱི་དུས་ཚིགས་ཡག་ཤོས་སུ་འཁེལ། ཉེ་དུས། གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུ(ཆུ་རྐྱལ་ཁང)རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ། ལས་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ཨར་སྐྲུན་ལས་ལ་གཞོལ་ཏེ། གཙོ་གནད་རྣམ་གྲངས་མྱུར་སྐྲུན་ལ་སྐུལ་འདེད་གཏོང་བཞིན་མཆིས།

ལུས་རྩལ་ཁང་དང་ཆུ་རྐྱལ་ཁང་གི་རྣམ་གྲངས་འདི་ཡར་ཀླུང་མི་དམངས་སྤྱི་གླིང་གི་ལྷོ་ངོས་སུ་གནས་ཤིང་། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་13852.1ཟིན་གྱི་ཡོད། མིག་སྔར་ལུས་རྩལ་ཁང་གི་རྣམ་གྲངས་སྤྱིའི་ཆར་བསྐྲུན་ཟིན་པ་དང་། ཆུ་རྐྱལ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ཀྱང་ཉེ་དུས་རྩིས་ལེན་བྱུང་ནས་ནང་གི་སྒྲིག་བཀོད་ད་ལྟ་སྒྲིག་སྦྱོར་བྱེད་པའི་སྒང་རེད། རྣམ་གྲངས་འདི་བསྐྲུན་ཚར་རྗེས་ལྷོ་ཁའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་འདེགས་ནུས་མཁོ་འདོན་ཐུབ་པ་མ་ཟད། གྲོང་མི་ཚོའི་སྤྲོ་གསེང་ལུས་སྦྱོང་དང་། རིག་གནས་དང་རོལ་རྩེད་བཅས་ཀྱི་དགོས་མཁོ་བསྐོང་ཚད་ཆེ་རུ་སོང་སྟེ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ངེས་ཡིན་པ་རེད།

ཆུ་རྐྱལ་ཁང་གི་རྣམ་གྲངས་འཛུགས་སྐྲུན་ཡག་པོ་ཡོང་ཆེད། རྣམ་གྲངས་འགན་འཁུར་བས་སི་ཁྲོན་ཁྲེན་ཏུའུ་དང་། རྣེ་ཅང་། དཱ་ཀྲོའོ་སོགས་སུ་བསྐྱོད་དེ་ཕྱོགས་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཆེད་ལས་ཤེས་བྱ་དང་ཨར་སྐྲུན་རྒྱུ་ཆ་བཀོལ་སྤྱོད་སོགས་ཀྱི་ཐད་རྟོག་ཞིབ་ཏན་ཏིག་བྱས་ཐོག ཆུ་རྐྱལ་ཁང་གི་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་ཐུབ་ཕྱིར་ཚན་རིག་དང་མཐུན་པའི་སྔོན་ཐོན་འཛུགས་སྐྲུན་ལག་རྩལ་བཀོལ་སྤྱོད་བྱས་ཡོད་པ་རེད།

རྣམ་གྲངས་འགན་འཁུར་བ་ཝང་ཧྲུའུ་ཝེ་ཡིས། རྣམ་གྲངས་འཛུགས་སྐྲུན་ཁྲོད། ཀུང་སི་དང་རྣམ་གྲངས་པུའུ། དེ་བཞིན་ཨར་སྐྲུན་རྒྱུ་ཆ་མཁོ་འདོན་ཚོང་དུད་བཅས་ཀྱིས་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ནས་འབྲེལ་མཐུད་བདེ་བླག་བརྒྱུད་དུས་ཐོག་ཏུ་སྤུས་ཚད་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད་ཅེས་བརྗོད།

རྣམ་གྲངས་ལྟ་སྐུལ་ལས་འཛིན་པ་ལི་ཀྲེ་དབྱི་ཡིས། རྣམ་གྲངས་ལག་བསྟར་ཁྲོད། ང་ཚོས་ཨར་སྐྲུན་དོ་དམ་དང་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་རེ་འདུན་གཞིར་བཟུང་ཨར་སྐྲུན་ལ་ལྟ་སྐུལ་ནན་པོ་བྱས་པ་མ་ཟད་དུས་ཐོག་ཏུ་ལྷག་བསྡད་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ནུས་ཤུཊ་ཡོད་རྒུས་རྣམ་གྲངས་ལས་གྲྭ་འདི་ཉིད་སྔ་ཙམ་ནས་བེད་སྤྱོད་ཐུབ་རྒྱུར་འགན་ལེན་བྱས་ཡོད་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7པའི་ནང་ཆུ་རྐྱལ་ཁང་གི་སྒྲིག་བཀོད་འཐུས་ཚང་སྒྲིག་སྦྱོར་ཚར་བ་བྱས་ཏེ། འཆར་གཞི་ལྟར་འདི་ལོའི་ཟླ་12པའི་ནང་རྣམ་གྲངས་ཀྱི་ཨར་སྐྲུན་ཡོངས་རྫོགས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།བསོད་བསྟན་དང་ཡེ་བཟང་གིས་ཞུས།

ཉེ་དུས། གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུ(ཆུ་རྐྱལ་ཁང)རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ། ལས་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ཨར་སྐྲུན་ལས་ལ་གཞོལ་ཏེ། གཙོ་གནད་རྣམ་གྲངས་མྱུར་སྐྲུན་ལ་སྐུལ་འདེད་གཏོང་བཞིན་མཆིས།འདི་ནི་རྣམ་གྲངས་ལས་ཡུལ་ཡིན་པ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告