第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ ཀྱི་རྣམ་པ་གསར་པ་གཏོད་དགོས།
སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབ@
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
| 山南网首页 |
2024年6月19日 星期
下一篇 4 放大 缩小 默认
《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ ཀྱི་རྣམ་པ་གསར་པ་གཏོད་དགོས།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་16ཉིན། དཔེ་སྐྲུན་བྱས་པའི་《བདེན་འཚོལ》དུས་དེབ་འདོན་ཐེངས་12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2017ལོའི་ཟླ་10པ་ནས་2024ལོའི་ཟླ་3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།

རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ནི་ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ནན་བཤད་བྱས་པའི་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་བ་དེ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི“ལོ་ལྔ་ཚན་བཅུ་བཞི་པ”དང་ཐ་ན་དུས་ཡུན་དེ་བས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེའང་རེད། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་མེད་ན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མི་ཐུབ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཧ་ཅང་ཡག་པོ་སྐོང་ཐུབ་པའི་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོར་གྱུར་བ་དང་། མཐུན་སྦྱོར་ནང་སྐྱེས་ཀྱི་ཁྱད་ཆོས་སུ་གྱུར་བ། ལྗང་མདོག་ཡོངས་ཁྱབ་ཀྱི་རྣམ་པར་གྱུར་བ། སྒོ་དབྱེ་བརྒྱུད་དགོས་ངེས་ཀྱི་ལམ་བུར་འགྱུར་བ། མཉམ་སྤྱོད་རྩ་བའི་དམིགས་ཡུལ་དུ་འགྱུར་བ་བཅས་ཀྱི་འཕེལ་རྒྱས་ཡིན། དེ་བས་ཁ་གསལ་བརྗོད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི“ཡོད་མེད”ནས“ཡག་པོ་ཡོད་མེད”ལ་བསྒྱུར་རྒྱུ་དེ་ཡིན། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རྩོམ་ཡིག་ནང་བསྟན་དོན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་བྱེད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་རྨང་གཞི་ཡིན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་བྱས་རྗེས་ལྟ་བའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ནས་ས་ཁུལ་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།

རྩོམ་ཡིག་ནང་ནན་བཤད་བྱས་དོན། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཡིན་པ་བློ་ལ་བརྟན་པོར་ངེས་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ཀྱི་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྒྱུར་བཅོས་གཏིང་ཟབ་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་སྤྱི་འདོམས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་སོགས་ཀྱི་འཐབ་ཇུས་ལས་འགན་དོན་འཁྱོལ་གནད་ལ་འཁེལ་བ་བཅས་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་འདིང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་རྒྱུན་མཐུད་སྣོན་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ ཀྱི་རྣམ་པ་གསར་པ་གཏོད་དགོས།
སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབ@
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།