ལས་ཀའི་སྒྲིག་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ།
▶ཏང་ཡོན་དང་ལས་བྱེད་པས་བསམ་འཆར་ཤུགས་ཆེན་འདོན་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་ལ་དམིགས་པ།
ཐབས་ཇུས་གང་བྱུང་འགོད་པ་དང་། ལག་བསྟར་མཁྲེགས་འཛིན། འཁྲི་འགན་རིམ་སྣོན། ཕྱི་ཚུལ་འཛིན་པ། གཞི་རིམ་གྱི་ལས་ཀའི་ཁུར་པོ་ལྕི་རུ་གཏོང་བ་སོགས་ལ་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད།
▶ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི“ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི”སྐོར་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ཏང་ཡོན་གྱིས་ཐེག་པ་ཁུར་ལེན་དང་བྱས་རྗེས་ཧུར་ཐག་འཇོག་པར་གཞིས་ཚུགས་ནས་ཁྲིད་སྟོན་བྱ་རྒྱུ།
འཐབ་རྩོད་བྱེད་མི་ཕོད་པ་དང་། འགན་འཁྲི་འཁུར་འདོད་མེད་པ། ཉེན་ཁ་དང་དཀའ་ངལ་འཕྲད་སྐབས་ཕྱིར་འཐེན་བྱེད་རིགས་ལ་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད།
▶ཏང་ཡོན་གྱི་རང་འགན་གཙང་སྒྲུབ་ལ་སྐུལ་འདེད་གཏོང་བར་དམིགས་ནས་དབང་ཆ་སྤྱོད་རྒྱུ་ཚད་ལྡན་དུ་གཏོང་རྒྱུ།
བསྡོམས་རྩིས་རྫུན་བཟོ་དང་། སྒྲིག་གཞིའི་སྒྲིག་ཁུངས་དོ་དམ་གྱི་གཏན་འབེབས་ལས་འགལ་བ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲི་ལག་བསྟར་མི་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད།
▶“དཔོན་པོ་གསར་པས་དེ་སྔའི་ཐག་གཅོད་བྱ་རྒྱུར་ལུས་པའི་དོན་དག་ལ་ཁ་ཡ་མི་བྱེད་པའི”བྱེད་སྤྱོད་ཀྱི་གྲུབ་ཆའི་སྲོལ་ཡིག་འཐུས་སྒོ་ཚང་དུ་གཏོང་རྒྱུ།
ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ལས་འགན་མ་འཁུར་གོང་ལྷག་ཡོད་པ་དང་རང་ཉིད་ཀྱི་འགན་འཁྲིའི་ཁྱབ་ཁོངས་སུ་གཏོགས་པའི་གནད་དོན་གཡོལ་མི་རུང་བར་གཡོལ་བ་དང་འགན་འཁྲི་གཞན་ལ་དཀྲི་བའི་བྱེད་སྤྱོད་ལ་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད།
▶འབྲེལ་ཡོད་ཀྱི་ཐེ་གཏོགས་བྱེད་སྤྱོད་ལ་གཏན་འབེབས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཐེ་གཏོགས་བྱེད་སྤྱོད་ལ་སྙན་ཞུ་འབུལ་བ་དང་ཐོ་འགོད་འོས་འགན་ཡོད་པའི་མངགས་བཅོལ་བྱེད་མཁན་གྱིས་གཏན་འབེབས་གཞིར་མ་བཟུང་བར་སྙན་ཞུ་རྒྱག་པའམ་ཐོ་འགོད་ཀྱི་བྱེད་སྤྱོད་སྤེལ་བར་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད།
རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ།
▶ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི“ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པ་དང་ཞུགས་ཆོག་ལ་དོན་ཆོག་པར་སྐུལ་འདེད་གཏོང་བའི”སྐོར་གྱི་བླང་བྱ་དོན་འཁྱོལ་བྱེད་པ།
འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པ་དང་ཞུགས་ཆོག་ལ་དོན་ཆོག་པར་སྐུལ་འདེད་གཏོང་བའི་ཁྲོད་མི་བཟང་རིང་ལུགས་སྤེལ་བ་དང་ལྗིད་གཡོལ་ཡང་ལེན་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།
▶ཏང་གི་སྒྲིག་ཡིག་ནང“ཐོན་ཁུངས་ཨང་དང་པོ་ཡིན་པའི་ཤེས་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི”སྐོར་གྱི་བླང་བྱ་དོན་འཁྱོལ་བྱེད་པ།
རིག་གཞུང་མཚན་སྙན་སྤྲོད་སྐབས་རྫུན་བཟོ་བྱེད་པ་དང་སྒྲིག་འགལ་ངང་ཁེ་ཕན་དོན་གཉེར་བྱེད་པའི་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།
▶ཏང་ཡོན་ལས་བྱེད་པས་རང་དོན་རིང་ལུགས་དང་རང་མོས་རིང་ལུགས་དོར་བར་ཁྲིད་སྟོན་གྱིས་རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།
སྒེར་དོན་དབང་གིས་རྒྱལ་མཚམས་ནས་སྒྲོལ་བ་དང་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་དུས་ཡུན་ལས་བརྒལ་ནས་ཕྱིར་ལོག་མ་བྱས་པ་སོགས་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ།
▶ཏང་ཡོན་གྱི་རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ་དང་རང་ཉིད་ཀྱིས་བསྒྲུབ་དགོས་པའི་འོས་འགན་དང་འགན་འཁྲི་བརྗེད་མི་རུང་བ།
ཏང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་བྱེད་སྐབས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བདེན་དཔང་གི་འོས་འགན་ཡོད་པའི་ཏང་ཡོན་གྱིས་བདེན་དཔང་མི་བྱེད་པའམ་ཡང་ན་རྐང་བཙུགས་ནས་གནས་ཚུལ་རྫུས་མ་མཁོ་འདོན་བྱེད་པའི་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།
དྲི་བ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པར་རིགས་ག་ཚོད་དང་། ཞིབ་ཕྲའི་ནང་དོན་གང་དག་ཡོད་དམ།
སྤྱོད་གཙང་གི་སྒྲིག་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ།
▶ཏང་གི་སྒྲིག་ཡིག་གི་གཏན་འབེབས་དོན་འཁྱོལ་བྱེད་པ།
“དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱེད་པའི”ནང་དོན་ཁ་སྣོན་བརྒྱབ་པ།
▶ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་འགལ་ངང་སྣེ་ལེན་དང་། ཕན་བདེའི་དངུལ་གང་བྱུང་དུ་སྤྲོད་པ། ཆོག་མཆན་མ་ཐོབ་པར་གཞུང་ལས་ཁང་བོགས་གཏོང་དང་གཡར་བ་དང་དེ་བཞིན་རང་དགར་དཔེ་སྟོན་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་བ། ཚོགས་འདུ་དང་བྱེད་སྒོའི་དོ་དམ་གཏན་འབེབས་ལས་འགལ་བ་སོགས་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ།
▶ཏང་ཡོན་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་གནས་ནས་བྲལ་རྗེས་དང་ལས་གནས་ཐོག་སྡོད་རིང་བླང་བྱ་ནན་པོ་འདོན་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་བའམ་ཡང་ན་རྒན་ཡོལ(ལས་བྲལ)ཞུས་རྗེས་སྒྲིག་འགལ་ངང་ལས་གཉེར་བྱེད་པའི་བྱེད་སྤྱོད་དང་དེ་བཞིན་དེ་གོང་གི་འགན་དབང་ངམ་ཡང་ན་གོ་གནས་ཤུགས་རྐྱེན་སྤྱད་དེ་གཉེན་ཉེ་དང་དམིགས་བསལ་འབྲེལ་བ་ཡོད་པའི་མི་གཞན་དག་ལ་ཁེ་ཕན་གཉེར་བའི་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ།
▶འགོ་ཁྲིད་ལས་བྱེད་པ་རང་ཉིད་ཀྱི་སྤྱོད་གཙང་མིན་པའི་བྱེད་སྤྱོད་ཚད་ལྡན་དུ་གཏོང་བ་དང་དུས་མཚུངས་སུ་འགོ་ཁྲིད་ལས་བྱེད་པའི་གཉེན་ཉེ་དང་། ཉེ་འགྲམ་གྱི་ལས་དོན་པ། དམིགས་བསལ་འབྲེལ་བ་ཡོད་པའི་མི་གཞན་དག་བཅས་ཀྱི་འབྲེལ་ཡོད་སྒྲིག་འགལ་བྱེད་སྤྱོད་ཚད་ལྡན་དུ་གཏོང་བའི་གཏན་འབེབས་ལ་ཤུགས་སྣོན་བརྒྱབ་པ། འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་གཉེན་ཉེར་རིན་ཐང་ཆེ་བའི་ཁྱད་ལྡན་ཐོན་རྫས་རིགས་དང་དམིགས་བསལ་ཐོན་ཁུངས་གཉེར་སྐྱོང་བྱེད་པར་རོགས་རམ་བྱས་པའི་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ། འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་གཉེན་ཉེར་ཚོང་ལས་དང་ཁེ་ལས་གཉེར་རོགས་བྱས་པའི་བྱེད་སྤྱོད་ཡོ་བསྲང་གཏན་ནས་མི་བྱེད་པའི་རིགས་ཀྱི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ་བཅས་རེད།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུས་དག་པ། བསོད་ནམས་དོན་གྲུབ།
དྲིས་ལན། (གཅིག)ཐ་ཚིག་སྒྲོག་པ། (གཉིས)ཐ་ཚིག་ནན་པོ་སྒྲོག་པ། (གསུམ)ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བ། (བཞི)ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། (ལྔ)ཏང་གི་སྐྱིད་སྡུག་ནས་འབུད་པ།
▶ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ།
ཏང་ཡོན་ལ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ནས་ལོ་གཅིག་ནང་ཚུན་དང་། ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་ནས་ལོ་གཅིག་དང་ཕྱེད་ཀའི་ནང་ཚུན་དུ། ཏང་ནང་ཁུལ་གྱི་གོ་གནས་སྤོར་བ་དང་སྔར་བས་སྤྱོད་མི་རུང་ལ། ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་སམ་ཡང་ན་སྔར་བས་སྤྱོད་པར་འོས་སྦྱོར་ཡང་བྱེད་མི་རུང་།
▶ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ།
དེ་ནི་ཆད་པ་ཕོག་པའི་ཏང་ཡོན་ལ་ཏང་ནང་ཁུལ་དུ་འདེམས་བསྐོ་བྱས་པའམ་ཡང་ན་རྩ་འཛུགས་ཀྱིས་བསྐོ་གཞག་བྱས་པའི་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བར་ཟེར། ཏང་ནང་ཁུལ་དུ་གོ་གནས་གཉིས་ཡན་འཁུར་མཁན་ལ་ཏང་རྩ་འཛུགས་ཀྱིས་ཆད་པ་གཅོད་པའི་ཐག་གཅོད་བྱེད་སྐབས། དེའི་གོ་གནས་ཡོད་ཚད་དམ་ཡང་ན་གོ་གནས་གང་རུང་། དེ་བཞིན་གོ་གནས་ཁ་ཤས་མེད་པར་བཟོ་རྒྱུ་ཁ་གསལ་བཟོ་དགོས། གལ་ཏེ་དེའི་གོ་གནས་གཅིག་མེད་པར་བཟོ་རྒྱུའི་ཐག་བཅད་ན་ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་མེད་པར་བཟོ་དགོས། གལ་ཏེ་དེའི་གོ་གནས་གཉིས་ཡན་མེད་པ་བཟོ་རྒྱུའི་ཐག་བཅད་ན། ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་ནས་འགོ་བརྩམས་ཏེ་རིམ་པ་ལྟར་མེད་པར་བཟོ་དགོས། ཏང་ཕྱིའི་རྩ་འཛུགས་སུ་གོ་གནས་འཁུར་མཁན་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་དགོས་རིགས་ཏང་ཕྱིའི་རྩ་འཛུགས་ལ་གྲོས་འགོ་འདོན་དགོས།
གྱོད་དོན་ཐོ་འགོད་ཞིབ་བཤེར་བྱེད་སྐབས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་དོགས་གཞི་ཡོད་པའི་རྐྱེན་གྱིས་གོ་གནས་མེད་པར་བཟོས་པའི་ཏང་ཡོན་ལ་ཞིབ་བཤེར་བྱས་རྗེས། སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས་རིགས་ལ་དེ་སྔའི་འཁུར་བའི་གོ་གནས་ལྟར་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས། ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས་ཀྱང་རང་ཉིད་ཀྱིས་ཏང་ནང་ཁུལ་དུ་གོ་གནས་འཁུར་མེད་ན། དེར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་དགོས། དེ་དང་དུས་མཚུངས་སུ་ཏང་ཕྱིའི་རྩ་འཛུགས་སུ་གོ་གནས་འཁུར་རིགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་དགོས་པ་ཏང་ཕྱིའི་རྩ་འཛུགས་ལ་གྲོས་འགོ་འདོན་དགོས།
ཏང་ཡོན་ལ་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ་ཕོག་པའམ་ཡང་ན་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་ན། ལོ་གཉིས་ནང་ཏང་ནང་ཁུལ་དུ་འགན་འཁྲི་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ལ་དེའི་དེ་སྔ་འཁུར་བའི་གོ་གནས་དང་མཚུངས་པའམ་ཡང་ན་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་བར་འོས་སྦྱོར་བྱེད་མི་ཆོག
▶ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ།
དེར་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་དང་ལྟ་ཞིབ་ལོ་གཉིས་སུ་དབྱེ་ཡོད། ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་པའི་ཆད་པ་ཕོག་པའི་ཏང་ཡོན་ལ་ལོ་གཅིག་སོང་རྗེས་སྔར་བཞིན་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱེད་པའི་ཆ་རྐྱེན་དང་མ་མཐུན་ན། ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་པའི་དུས་བཀག་རིང་དུ་གཏོང་དགོས། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་རིང་ཤོས་ལོ་གཉིས་ལས་བརྒལ་མི་ཆོག
ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་རིང་བརྡས་ཐག་གཅོད་དབང་དང་། འདེམས་བསྐོ་བྱེད་དབང་། འདེམས་བསྐོ་བྱ་ཡུལ་གྱི་དབང་ཆ་བཅས་མེད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་རིང་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་དངོས་འབྲེལ་ཡོད་ན། དུས་བཀག་ཐིམ་རྗེས་དེའི་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱེད་དགོས། ཡོ་བསྲང་མི་བྱེད་པའམ་ཡང་ན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་སྒྲིག་འགལ་བྱ་སྤྱོད་གཞན་དག་ཡོད་པ་ཤེས་རྟོགས་ཐུབ་ཚེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་དགོས།
ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་ཚེ་དེའི་ཏང་ནང་གི་གོ་གནས་རང་བཞིན་དུ་མེད་པར་བཟོ་དགོས། ཏང་ཕྱིར་གོ་གནས་ཡོད་མཁན་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་དགོས་པ་ཏང་ཕྱིའི་རྩ་འཛུགས་ལ་གྲོས་འགོ་འདོན་དགོས།
ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་པའི་ཏང་ཡོན་ཡིན་ཚེ་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱས་རྗེས་ཀྱི་ལོ་གཉིས་ནང་ཏང་ནང་ཁུལ་དུ་འགན་འཁྲི་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ལ་དེའི་དེ་སྔའི་འཁུར་བའི་གོ་གནས་དང་མཚུངས་པའམ་ཡང་ན་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱེད་མི་ཆོག
▶ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ།
ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་ཕོག་ཚེ་ལོ་ལྔའི་ནང་བསྐྱར་དུ་ཏང་ལ་ཞུགས་མི་ཆོག་ལ། དེའི་དེ་སྔའི་གོ་གནས་དང་མཚུངས་པའམ་ཡང་ན་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱེད་མི་ཆོག
ས་གནས། ལྷོ་ཁ་རྩེད་ཐང་གྲོང་རྡལ་ཧུའུ་ནན་ལམ་སྒོ་རྟགས་ཨང་19 རྩོམ་སྒྲིག་ཁང་གི་ཞལ་པར། 0893--7829597 སྦྲག་ཨང་856000 ལྷོ་ཁའི་པར་འདེབས་བཟོ་གྲྭས་པར་བཏབས།(ས་གནས། ལྷོ་ཁ་གྲོང་ཁྱེར་ཤམ་ཆུ་ཤར་ལམ་སྒོ་རྟཌ་ཨང་30 ) དེ་རིང་པར་ངོས་བཞི། སིལ་ཚོང་རིན་སྒོར་ 0.6 པར་ཟིན་དུས་ཆུ་ཚོད་2