第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年6月17日 星期
3 上一篇 放大 缩小 默认
ལྷོ་བྱང་རི་ཀླུང་སྔོ་ཐིང་ཐིང་། འབངས་ལ་ཡོང་འབབ་འབེལ་ལྷུག་ལྷུག
 

ཆར་ལྡན་དུས་ཀྱི་ཟླ་དྲུག་པར་ནོར་འཛིན་དགའ་མ་སྔོ་མདངས་རྒྱས། ལྗོན་ཤིང་རྣམས་སྐྱེ་མཚར་གྱི་ལང་ཚོ་ངོམས་ཤིང་བསིལ་རླུང་དང་སྡེབས་ནས་མགོ་ལྕོག་ལྡེམ་བཞིན་འདུག། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྔོ་ལྗང་གི་སྡོང་ཕྲུག་རེ་རེ་ནི་གཙང་འགྲམ་དུ་གནས་པའི་མྱུར་བགྲོད་གཞུང་ལམ་གྱི་སྲུང་དམག་ཞིག་དང་འདྲ་བར་གནམ་མཐའ་བར་བསྲིངས་ཡོད། མིག་མདུན་གྱི་སྔོ་ལྗང་འདི་དག་གོང་དཀར་རྫོང་གི་གྲོང་མི་བཀྲ་ཤིས་དཔལ་ལྡན་གྱི་ངོས་ནས་བརྗོད་ན། དེ་དག་ནི་བསམ་ཡུལ་ལས་འདས་པའི་དྲན་འཆར་ཞིག་ཏུ་གྱུར་ཡོད།

ངས་སྔ་བར་ཕྱི་གསུམ་དུ་འདི་གར་ཤིང་འཛུགས་ནགས་བཟོའི་ལས་ཀའི་ནང་ཞུགས་ཡོད་ལ། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཡར་ཀླུང་གཙང་པོའི་ཉེ་འགྲམ་གྱི་ས་ཆ་འདི་དག་བྱེ་ཐང་ནས་ནགས་གླིང་དུ་འགྱུར་བའི་བདེན་དཔང་ཀྱང་བྱེད་ཐུབ། ད་ཆ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭས‘བྱེ་གཏོར་ནགས་འདྲེན’རྒྱུན་མཐུད་བྱས་པ་ལས་མང་ཚོགས་ཚོས་རི་སྟེང་དུ་སྔོ་ལྗང་ཡོད་པ་དང་། ས་གཞི་སྔོན་པོར་འགྱུར་བ། གྲོང་གསེབ་མཛེས་སྡུག་ལྡན་པར་འགྱུར་བའི་སྡོད་མལ་འཚོ་བ་ལོངས་སུ་སྤྱོད་ཐུབ་བྱུང་ཡོད་ཅེས་བཀྲ་ཤིས་དཔལ་ལྡན་གྱིས་སེམས་འགུལ་ཆེན་པོས་བཤད།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་གསོ་སྔོ་འགྱུར་ལས་གྲྭར་(གཤམ་དུ“ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལྷོ་ཁའི་ས་ཁོངས་ལས་གྲྭ་ཞེས་བསྡུ་རྒྱུ)སྐུལ་འདེད་ཏན་ཏིག་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དམངས་འཚོའི་ལས་གྲྭ་དེའི་གྲུབ་འབྲས་ཏན་ཏིག་བསྒྲུབས་ཏེ་རི་སྔོན་ཆུ་དྭངས་དང་། སྐྱེ་ཁམས་ལེགས་ཅིང་འཚོ་སྡོད་ལ་འཚམ་པའི་མཛེས་ལྡན་དང་ཞི་མཐུན་གྱི་ལྷོ་ཁའི་སྔོ་ལྗང་རི་མོ་ཞིག་བྲིས་ཡོད་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་ནི། མིག་སྔར་གཞི་ཚུགས་ནས་ཕུགས་ལ་དམིགས་ཏེ་བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། ལས་གྲྭ་འགོ་ཚུགས་མ་ཐག་ལྷོ་ཁ་གྲོང་ཁྱེར་གྱིས་དམིགས་ས་མཐོ་པོས་སྐུལ་སྤེལ་བཏང་བ་དང་། འགན་ལེན་ཤུགས་ཆེན་བྱས་ཤིང་། གྲོང་ཨུད་འགོ་ཁྲིད་གཙོ་བོས་སྤྱི་ཁྱབ་བཀོད་འདོམས་ཀྱི་འགན་འཁུར་བའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་ངོས་ནགས་བཟོ་སྔོ་འགྱུར་བཀོད་འདོམས་པུའུ་བཙུགས་པ་མ་ཟད།《ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་ངོས་ནགས་བཟོ་སྔོ་འགྱུར་བཀོད་འདོམས་པུའི་ལས་ཀའི་སྒྲིག་སྲོལ》《ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་ངོས་ནགས་བཟོ་སྔོ་འགྱུར་གྱི་ལྕང་སོན་དོ་དམ་བྱེད་ཐབས་》སོགས་སྒྲིག་སྲོལ་ལམ་ལུགས་བཅུ་ལྷག་ཙམ་བཟོས་ནས་ལྷ་སའི་ལྷོ་བྱང་རི་བོའི་(ལྷོ་ཁའི་ས་ཁོངས)ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

དེ་དང་ཆབས་ཅིག། ལྷོ་ཁ་གྲོང་ཁྱེར་གྱིས་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་ཨར་ལས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཟླ་རེར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(གོང་དཀར་ས་ཁོངས)གྱི་ནགས་བཟོའི་ས་ཚིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་འགོག་བཅོས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་རྩ་གྲལ་བཤེར་དང་དག་ཐེར་སོགས་ཀྱི་ལས་དོན་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་རྩ་དུས་ཐོག་ཏུ་ཤེས་རྟོགས་དང་མེད་པ་བཟོས་ཡོད་པ་རེད། མིག་སྔའི་བར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས་)ལས་གྲྭའི་ཐོག་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་2.07ལྷག་ཙམ་དངོས་སུ་ལེགས་གྲུབ་ཟིན་པའི་ནང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་2024ལོ་འཁོར་ནང་སྲ་བརྟན་དང་མཐོར་འདེགས(གོང་དཀར་གནམ་ཐང་ཉེ་འཁོར་གྱི་རི་ངོས་)ལས་གྲྭའི་རྣམ་གྲངས་སུ་ལྕང་སོན་མུའུ་2642.3འདེབས་འཛུགས་བྱས་ཡོད་ཅིང་། ལེགས་གྲུབ་བྱུང་ཚད་100%ཟིན་ཡོད་པ་རེད།

ལྕང་སོན་སྣ་ཚོགས་“འདེབས་འཛུགས་ཐུབ་པ་དང་གསོན་ཐུབ་པ་”འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་དཔྱད་ཞིབ་དཔྱད་དཔོག་གི་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ལྕང་སོན་དང་། འདེབས་འཛུགས། དོ་དམ་བདག་སྐྱོང་བཅས་ཀྱི་འགག་སྒོ་དམ་ནན་བྱས་པས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)ལས་གྲྭའི་ལས་དོན་ཁག་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད། བཀོད་འདོམས་པུའུ་ཡི་རིམ་པ་ཁག་གི་འགན་འཁུར་བས་སྔ་རྗེས་སུ་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ལྟ་སྐུལ་མཛུབ་ཁྲིད་ཐེངས་60ལྷག་ཙམ་བྱས་ཡོད་པ་དང་། རྣམ་གྲངས་ཀྱི་མྱུར་ཚད་རྗེས་ལུས་དང་། འདེབས་འཛུགས་ལག་རྩལ་གྱི་ཚད་གཞི་མ་ལོན་པ། བདེ་འཇགས་དོ་དམ་ཚད་ལྡན་མིན་པའི་ཁེ་ལས་ལ་ཟུར་འབོད་གྲོས་མོལ་ཐེངས་10བྱས་པ། ལས་ཀར་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་དཀའ་ཁག་ལ་དམིགས་ཏེ་དུས་ཐོག་ཏུ་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་ཐེངས་30འཚོགས་ནས་དཀའ་གནད་དང་། འགག་གནད་གནད་དོན་70ཙམ་ལ་མཐུན་སྦྱོར་ངང་ཐག་གཅོད་བྱས་པ། ས་གནས་ས་ཐོག་ཏུ་བཀོད་འདོམས་པུའུ་བཙུགས་ནས་ནགས་བཟོའི་ལག་རྩལ་མི་སྣ་དང་སྡོང་ཕྲུག་ནད་ཡམས་ཞིབ་དཔྱད་མི་སྣ་མངགས་གཏོང་བྱས་ཏེ་ཡུན་རིང་ས་ཡུལ་དངོས་ལ་བསྡད་ནས་ལྕང་སོན་སྐྱེ་འཚར་གྱི་ལྷུ་ཚིགས་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་མཐར་འབྱུང་རྩ་ནས་གསོན་ཚད་འགན་ལེན་ཐུབ་པ་བྱུང་ཡོད།

ཐལ་རྡུལ་གང་སར་འཕྱུར་བ་ནས་སྔོ་ལྗང་ལོ་འདབ་རྒྱས་པའི་བར་ལས་བྱེད་མང་ཚོགས་ཀྱིས་ཤིང་འཛུགས་ནགས་བཟོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་རུ་ཕྱིན་པ་དང་། བདེ་ཚོར་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཀྱི་ཚོར་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད། ལྟ་སྐུལ་དོ་དམ་ཚན་པའི་བསྡོམས་རྩིས་གསར་ཤོས་ལས་མངོན་པར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)ལས་གྲྭའི་ནགས་བཟོའི་གསོན་ཚད་87%ཡན་དང་། ས་ཁོངས་ཁག་གཅིག་གི་གསོན་ཚད་90%ཡན་ཟིན་ཡོད་པ་རེད། ལས་གྲྭ་ལག་བསྟར་བྱས་ཚུན་ལྷ་སའི་གོང་དཀར་གནམ་ཐང་ཉེ་འཁོར་དུ་བྱེ་རྡུལ་འཕྱུར་བའི་གནམ་གཤིས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ལྷ་སའི་མཐའ་འཁོར་དུ་གནམ་སྔོན་པོ་དང་། རི་བོ་སྔོ་ལྗང་། ཆུ་མོ་དྭངས་གཙང་། ཁོར་ཡུག་མཛེས་པ་བཅས་ལ་སྐུལ་འདེད་ཐུབ་ཡོད། དེ་དང་ཆབས་ཅིག་ལྷོ་བྱང་རི་བོ་སྔོ་ཐིང་ཐིང་དུ་གྱུར་བ་དང་། ཉེ་འཁོར་མང་ཚོགས་ལ་ཡོང་འབབ་འབེལ་ལྷུག་ལྷུག་བྱུང་ཞིང་། ལས་གྲྭ་ལག་བསྟར་བྱས་ཚུན་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་30ལྷག་ཙམ་གྱིས་ངལ་ལས་ནང་ཞུགས་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་7358ལྷག་ཙམ་འཕར་རྒྱུར་སྐུལ་འདེད་ཐུབ་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་ལྗང་བཀོད་འདོམས་པུའུ་དང་དེ་བཞིན་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མིག་རྒྱང་མཐོན་པོའི་སྐུལ་འདེད་འོག་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། དམིགས་ཚད་དང་ལས་འགན་ལ་དམིགས་པ། དུས་ཚོད་དམ་འཛིན་བཅས་བྱས་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་(ལྷོ་ཁའི་ས་ཁོངས)ལས་གྲྭའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་ཆེད་ལྷོ་ཁའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་དོ། ། བསོད་དོན་དང་ཡེ་བཟང་གིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:理论与实践
“འགག་རྩའི་ཉུང་ཤས”ཀྱི“འགག་རྩའི་ནུས་པ”འདོན་དགོས།
སྡེ་ཁུལ་མང་ཚོགས་ཀྱི་ཧྲུའུ་ཅི་ཡག་པོ།
ལྷོ་བྱང་རི་ཀླུང་སྔོ་ཐིང་ཐིང་། འབངས་ལ་ཡོང་འབབ་འབེལ་ལྷུག་ལྷུག