第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
| 山南网首页 |
2024年6月10日 星期
3 上一篇 放大 缩小 默认
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་སྐོང་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་4ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་སྐོང་འཚོགས་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་དང་། གྲོང་ཁྱེར་ཡོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་དཔེ་མཚོན་གྱོད་གཞི་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ།《བསམ་བློར་ཉེན་བརྡ་གཏོང་བ་དང་སྒྲིག་ཁྲིམས་དམ་པོར་སྲུང་དགོས》ཞེས་པའི་ཉེན་བརྡའི་སློབ་གསོའི་གློག་བརྙན་གཅིག་སྡུད་ཐོག་ལྟས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

སྣེ་གདོང་དུ་ཞུགས་པའི་གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཚན་ཁག་ཁོངས་མི་ཚོགས་འདུར་ཞུགས་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། ཉེན་བརྡའི་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་གནོན་རྒྱལ་ཁ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་དགོས་མཁོ་ཞིག་དང་། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་རྒྱག་པ་དང་། ཏང་ཡོན་ལས་བྱེད་པས་ཉེན་ཟོན་དང་མཐའ་ཚད་རྟོགས་པ། འཇིགས་བཀུར་ཤེས་པ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཡིན་ལ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་པོ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་གཙང་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་“གཏན་འཁེལ་གཉིས་”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས་”ཀྱི་མཐོ་ཚད་མངོན་འགྱུར་བྱས་ཏེ་ཉེན་བརྡའི་སློབ་གསོ་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཆབ་སྲིད་ཐོག་ནས་ཉེན་བརྡའི་སློབ་གསོའི་ངེས་གནས་དང་ནུས་པ་ཁོང་དུ་ཆུད་པ་དང་། ཉེན་བརྡའི་སློབ་གསོའི་རྒྱུན་གཏན་རང་བཞིན་དང་། གཟབ་ནན་རང་བཞིན། གནད་འཁེལ་རང་བཞིན་བཅས་མངོན་གསལ་དོད་དུ་བཏང་ཐོག་གྱོད་དོན་ལ་བརྟེན་ནས་ཉེན་བརྡའི་ཕུགས་ཕན་ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། རང་ཉིད་ལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་རྒོལ་རུལ་འགོག་ནུས་པ་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། རིམ་ཁག་ཏང་ཨུད་ཏང་ཙུའུ་དང་། རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དཔེ་མཚོན་གྱོད་དཔེ་དེ་དག་དཔེ་གཞིར་འཛིན་ནས་སྒྲིག་ཁྲིམས་དང་། ཁྲིམས་ལུགས། སྤྱོད་ལམ། འགན་འཁྲི་བཅས་གླེང་བའི་“སློབ་གཞི་གསོན་པོ”ཞིག་ཏུ་བརྩིས་ཐོག་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་དེ་མེ་ལོང་དུ་བྱས་ཏེ་འཇིགས་བཀུར་ཤེས་པ་དང་། མཐའ་ཚད་རྟོགས་པ། སྒྲིག་ལམ་སྲུང་བ་བཅས་བྱེད་དགོས། ཕུགས་བསམ་དང་དད་སེམས་ཤོར་བ་སོགས་ཆབ་སྲིད་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་ཞིབ་བསྡུར་ནན་ཏན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་འདུན་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ཚེ་གང་གི་དོན་གཉེར་དུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་ནས་བློ་སེམས་གཅིག་ཏུ་སྒྲིམ་པ་རྒྱུན་འཁྱོངས་བྱས་ཐོག་ཏང་ལ་བློ་དཀར་མཐའ་གཅིག་ཏུ་བྱེད་དགོས། དགོངས་སྐོར་རེ་ཞུ་སོགས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་ཞིབ་བསྡུར་ནན་ཏན་བྱས་ནས་བསམ་ཞིབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་བཞག་སྟེ། དོན་དག་གལ་ཆེན་ལ་དགོངས་སྐོར་རེ་ཞུ་དང་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་པོ། ཏང་ནང་གི་ཆབ་སྲིད་འཚོ་བ་སྔར་བས་ནན་པོ་བྱས་ཐོག་ཐོག་མཐའ་བར་གསུམ་དུ་“བརྩི་སྲུང་བཞི་”ཐུབ་པ་བྱེད་དགོས། བག་མེད་ལོངས་སྤྱོད་དང་འདོད་རྔམ་བྱེད་པ་སོགས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་ཞིབ་བསྡུར་ནན་ཏན་བྱས་ནས། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱེད་པ་སོགས་མང་ཚོགས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་ཞིབ་བསྡུར་ནན་ཏན་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཆེས་ཐད་ཀར་དང་ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་ཀྱི་དོན་དུ་བརྩོན་ལེན་བྱེད་དགོས། གདམ་ག་དང་བབ་བསྟུན་བྱེད་པ་སོགས་ལས་ཀའི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་ཞིབ་བསྡུར་ནན་ཏན་བྱས་ནས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཐོག་ལས་བརྩོན་ལས་སྒྲུབ་དང་། སེམས་ནུས་སྒྲིལ་བ། ཞིབ་ཅིང་ཚགས་པ། དོན་གཉེར་དོན་འཁྱོལ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ཚད་ལྡན་མིན་པ་སོགས་འཚོ་བའི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་ཞིབ་བསྡུར་ནན་ཏན་བྱས་ནས། ཀུན་སྤྱོད་བཟང་པོ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པོ་བཅས་དང་། རང་ཉིད་དང་ཁྱིམ་མིར་དོ་དམ་ཡག་པོ་བྱས་ཏེ། རང་རྟོགས་ཀྱིས་སྤྱོད་ངན་དམ་འགོག་དང་སྣེ་ཁྲིད་ནས་སྤྱོད་བཟང་དར་སྤེལ་གཏོང་དགོས།

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཉེན་བརྡའི་སློབ་གསོ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ནང་གི་ཁྲིམས་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ་སྒྲིག་ཁྲིམས་དམ་པོའི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་དགོས། རིམ་ཁག་ཏང་ཨུད་(ཏང་ཙུའུ་)ཧྲུའུ་ཅི་ཡིས་ཏང་ནན་སྐྱོང་གི་འགན་འཁྲི་དང་པོ་ནན་ཏན་གྱིས་བསྒྲུབ་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་དོ་དམ་དང་རྩ་འཛུགས་ཚན་པ་ཁག་གིས་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཐོག་ལས་བྱེད་པར་སློབ་གསོ་དང་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་ལོ་འགོར་གཏན་འབེབས་བྱས་པའི་ལས་ཀའི་དམིགས་ཚད་དང་ལས་འགན་ཁག་རེ་རེ་བཞིན་དོན་འཁྱོལ་ཏན་ཏིག་གིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

གྲོང་ཁྱེར་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཚན་པའི་ཁོངས་མི་དང་། གྲོང་ཁྱེར་ཐད་གཏོགས་ཚན་ཁག མི་དམངས་ཚོགས་པ། གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཏང་ཨུད་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། སྐོར་ཞིབ་ཚོ་ཆུང་ཁག་དང་བཅའ་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་གི་ཙུའུ་ཀྲང་། གསར་དུ་གནས་སྤར་བྱས་པའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་འཐུས་མི། སྣེ་གདོང་དུ་ཡོད་པའི་ས་ཁུལ་རིམ་པའི་ལས་བྲལ་ལས་འཁྱུར་ལས་བྱེད་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:视觉山南
ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་གཏོད་དགོས།
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་སྐོང་འཚོགས་པ།