ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་གཏམ་བརྗོད། ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཀྱི་ཐད་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཆེས་གལ་ཆེ་ཤོས་དང་ཆེས་རྩ་བའི་སྒྲིག་ཁྲིམས་ཡིན་ལ། དེ་ནི་གཙོ་བོ་དང་སྤྱི་ཡོངས་ལ་དོ་དམ་བྱེད་པའི་སྒྲིག་ཁྲིམས་ཡིན། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་ནི་ཏང་གི་སྒྲིག་ཁྲིམས་ཡོངས་རྫོགས་ལ་བརྩི་སྲུང་ཞུ་བའི་རྨང་གཞི་གལ་ཆེན་ཡིན། 《སྲོལ་ཡིག》གི་ལེའུ་དྲུག་པའི་ནང་། ཏང་ལ་གནོད་འཚེ་གཏོང་བའི་གཏམ་བརྗོད་སྤེལ་བ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ། ཀྲུང་དབྱང་གི་དབང་གྲགས་ལ་གནོད་འཚེ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་བ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱེད་པ། རྨོངས་དད་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་དེའི་ནང་ཞུགས་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བྱེད་སྒོའི་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་ལ་རྒྱ་དང་ཁེ་ཕན་ལ་གནོད་འཚེ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ལམ་ལས་འགལ་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
རྩ་
འཛུགས་
ཀྱི་
སྒྲིག་
ཁྲིམས་།
རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནི་ཏང་གི་རིམ་ཁག་རྩ་འཛུགས་དབར་དང་། ཏང་རྩ་འཛུགས་དང་ཏང་ཡོན་དབར། ཏང་ཡོན་དང་ཏང་ཡོན་དབར་བཅས་ཀྱི་འབྲེལ་བ་ཚད་ལྡན་དང་ཐག་གཅོད་བྱེད་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཞིག་ཡིན་ལ། ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་འཐབ་ནུས་རྒྱུན་འཁྱོངས་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། 《སྲོལ་ཡིག》གི་ལེའུ་བདུན་པའི་ནང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལས་འགལ་བ་དང་། ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ། རྩ་འཛུགས་ལས་དོན་གྱི་རྩ་དོན་ལས་འགལ་བ། སྒྲིག་འགལ་གྱིས་སྒེར་དོན་ཆེད་རྒྱལ་ཁབ(མངའ་ཁོངས)ཕྱིར་བསྐྱོད་པའི་ལག་ཁྱེར་གཉེར་བ་དང་རྒྱལ་ཁབ(མངའ་ཁོངས)ཕྱིར་རང་མཚམས་ཀྱིས་རྩ་འཛུགས་དང་ཁ་བྲལ་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
མང་ཚོགས་ཀྱི་
སྒྲིག་ཁྲིམས་།
མང་ཚོགས་ཀྱི་སྒྲིག་ཁྲིམས་ནི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་རིང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཞིག་ཡིན། མང་ཚོགས་ཀྱི་སྒྲིག་ཁྲིམས་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་མཚོན་པ་ཞིག་དང་། ཏང་དང་མང་ཚོགས་དབར་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་ཡོང་བར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་ལ། དེར་སྲིད་འཛིན་ཏང་གི་སྒྲིག་ཁྲིམས་ཀྱི་ཁྱད་ཆོས་དེ་བས་ལྡན་ཡོད། 《སྲོལ་ཡིག》གི་ལེའུ་དགུ་པའི་ནང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱེད་པ། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
སྤྱོད་
གཙང་
གི་
སྒྲིག་
ཁྲིམས་།
སྤྱོད་གཙང་གི་སྒྲིག་ཁྲིམས་ནི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་གཞུང་དོན་གྱི་བྱེད་སྒོ་སྤེལ་བའམ་ཡང་ན་འགན་དབང་སྤྱོད་པ་དང་འབྲེལ་བ་ཡོད་པའི་བྱེད་སྒོ་གཞན་སྤེལ་སྐབས་བརྩི་སྲུང་ཞུ་དགོས་པའི་སྤྱོད་གཙང་ངང་དབང་ཆ་སྤྱོད་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཞིག་ཡིན་ལ། ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། 《སྲོལ་ཡིག》གི་ལེའུ་བརྒྱད་པའི་ནང་། དབང་ཆ་སྤྱད་ནས་སྒེར་དོན་གཉེར་བ་དང་། སྒྲིག་འགལ་གྱིས་ལག་རྟགས་ལེན་པ་དང་ཞབས་ཞུ་དང་ལེན་བྱེད་པ། སྒྲིག་འགལ་གྱིས་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བ། ལས་ཀ་དང་འཚོ་བའི་ཐོབ་ཐང་གི་གཏན་འབེབས་ལས་འགལ་བ། སྒྲིག་འགལ་གྱིས་གཞུང་དངུལ་དང་སྤྱི་དངོས་བདག་གིར་བཟུང་བ་དང་བེད་སྤྱོད་གཏོང་བ། དངུལ་དང་དབང་ཆར་བརྟེན་ནས་ཕོ་མོའི་དབར་གྱི་ལུགས་དང་མི་མཐུན་པའི་འབྲེལ་ལམ་འཛུགས་པ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
འཚོ་བའི་སྒྲིག་ཁྲིམས་།
འཚོ་བའི་སྒྲིག་ཁྲིམས་ནི་ཏང་ཡོན་གྱིས་རྒྱུན་ལྡན་གྱི་འཚོ་བ་དང་སྤྱི་ཚོགས་སུ་འགྲོ་འོང་བྱེད་སྐབས་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཞིག་ཡིན། དེ་དང་ཏང་ཡོན་མི་སྒེར་གྱི་ཀུན་སྤྱོད་དང་། ཁྱིམ་སྲོལ་བཟང་པོ། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་ལ། ཏང་གི་གཟུགས་བརྙན་དང་ཡང་འབྲེལ་བ་ཡོད། 《སྲོལ་ཡིག》གི་ལེའུ་བཅུ་གཅིག་པའི་ནང་། འཚོ་བ་བག་མེད་ལོངས་སྤྱོད་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་ཁྱིམ་སྲོལ་བཟང་པོ་ལས་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
ལས་ཀའི་སྒྲིག་ཁྲིམས་།
ལས་ཀའི་སྒྲིག་ཁྲིམས་ནི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་ཞིབ་ཕྲའི་ལས་ཀ་ཁག་ནང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཞིག་ཡིན་ལ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་སྒྲིག་སྲོལ་ལྟར་ལས་ཀ་སྤེལ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། 《སྲོལ་ཡིག》གི་ལེའུ་བཅུ་པའི་ནང་། འགན་དབང་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། གསང་བ་ཕྱིར་གྱར་བ། ཏང་རྩ་འཛུགས་ཀྱི་འགན་འཁྲི་ཤོར་བ། ཕྱི་དོན་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལས་དོན་གྱི་རྩ་དོན་གང་ཡིན་ནམ་།
དོན་ཚན་བཞི་པ། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལས་དོན་ཐད་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་སྟེ།
(གཅིག) ཏང་གིས་ཏང་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། ནན་པའི་དགོངས་གཞི་དང་། ནན་པའི་བྱ་ཐབས། ནན་པའི་རྣམ་པ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་ཁྲིམས་སྔོན་ལ་འཇོག་པ་དང་། སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱེད་པ་དང་། རྐྱེན་རྩ་ཆུང་ཟློག་བཅས་བྱེད་དགོས།
(གཉིས།) ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ངེས་པར་དུ་གཟབ་ནན་དང་དྲང་གཞག་གིས་སྒྲིག་ཁྲིམས་ལག་བསྟར་བྱེད་དགོས་པ་ལས། ཏང་ནང་སྒྲིག་ཁྲིམས་ཀྱིས་གཅུན་མི་ཐུབ་པའི་ཏང་རྩ་འཛུགས་དང་ཏང་ཡོན་གང་ཡང་ཡོད་མི་ཆོག
(གསུམ།) དངོས་ཐོག་བདེན་འཚོལ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་རིགས་ལ་དོན་དངོས་གཞིར་འཛིན་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚད་གཞིར་བཟུང་ནས། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་སྒྱུར་སྦྲེལ་མཐུད་བྱས་ཏེ། བྱ་སྤྱོད་ཀྱི་ངོ་བོར་གཏན་འཁེལ་ཡང་དག་བྱེད་པ་དང་། གནས་ཚུལ་མི་འདྲ་བར་གཞིགས་ནས་ཐག་གཅོད་འོས་འཚམ་བྱེད་དགོས།
(བཞི།) དམངས་གཙོ་གཅིག་སྡུད་ལམ་ལུགས། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལག་བསྟར་བྱེད་པར་གཏན་འབེབས་ཀྱི་གོ་རིམ་ལྟར་ཏང་རྩ་འཛུགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས་པ་ལས། མི་སྒེར་སུ་ཞིག་དང་མི་ཉུང་ཤས་ཀྱིས་རང་དགར་ཐག་གཅོད་པ་དང་ཆོག་མཆན་སྤྲོད་རིགས་བྱེད་མི་ཆོག གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཐག་གཅོད་བྱས་པའི་ཆོད་དོན་བཞག་པ་དེ་འོག་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ལག་བསྟར་བྱེད་དགོས།
(ལྔ།) སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཐག་གཅོད་བྱེད་པར་ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་བྱས་ནས་གུ་ཡངས་དང་ནན་པོ་ཟུང་འབྲེལ་བྱ་རྒྱུ།
ཆད་པ་ཕོག་པའི་ཏང་རྩ་འཛུགས་ནང་ཁུལ་གྱི་མི་སྣར་ཆད་པ་ཇི་ལྟར་གཅོད་དགོས་སམ་།
དོན་ཚན་བཅོ་ལྔ་པ། བསྐྱར་སྒྲིག་གི་ཆད་པ་ཕོག་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་ཡིན་ཕྱིན། ཏང་ནང་ཁུལ་གྱི་གོ་གནས་ཕྱིར་འཐེན་ཡན་གྱི་ཆད་པ་གཅོད་དགོས་པ་ཕུད་གོ་གནས་གཞན་ཚང་མ་རང་བཞིན་གྱིས་མེད་པར་བཟོ་རྒྱུ་ཡིན།
དོན་ཚན་བཅུ་དྲུག་པ། ཁ་ཐོར་དུ་གཏོང་རྒྱུའི་ཆད་པ་ཕོག་མཁན་ཏང་རྩ་འཛུགས་ནང་ཁུལ་གྱི་ཏང་ཡོན་རེ་རེ་བཞིན་ལ་ཞིབ་བཤེར་བྱ་རྒྱུ། དེའི་ནང་གི་ཏང་ཡོན་གྱི་ཆ་རྐྱེན་དང་མཐུན་རིགས་བསྐྱར་དུ་ཐོ་འགོད་བྱེད་དགོས་པ་མ་ཟད། རྩ་འཛུགས་གསར་པའི་ནང་ཞུགས་ནས་ཏང་གི་འཚོ་བ་སྐྱེལ་དུ་འཇུག་དགོས། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་སློབ་གསོ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་ཤིང་། སློབ་གསོ་བཏང་ནའང་སྔར་བཞིན་འགྱུར་ལྡོག་མི་གཏོང་མཁན་ལ་འཐེན་སྐུལ་ལམ་མིང་ཐོ་གསུབ་རྒྱུ། སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ཡོད་ན་གཏན་འབེབས་ལྟར་བདའ་འདེད་གཏོང་རྒྱུ།