第01版:头版 4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པ་སྐོང་འཚོགས་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
ཞུས་ཁྲེང་ཚང་དང་བཅས་པས་མཁའ་འགྲུལ་ཁུལ་གསར་དང་། གོང་དཀར། གྲ་ནང་རྫོང་གཉིས་སུ་རྟོག་ཞིབ་གནང་བ།
རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་ གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་འཆད་ཁྲིད་འཚོགས་པ།
| 山南网首页 |
2024年4月29日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་དང་བཅས་པས་མཁའ་འགྲུལ་ཁུལ་གསར་དང་། གོང་དཀར། གྲ་ནང་རྫོང་གཉིས་སུ་རྟོག་ཞིབ་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མི་རིང་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་དང་བཅས་པས་མཁའ་འགྲུལ་ཁུལ་གསར་དང་། གོང་དཀར་རྫོང་། གྲ་ནང་རྫོང་བཅས་སུ་ཟབ་འཇུག་གནང་སྟེ་རྣམ་གྲངས་འཛུགས་སྐྲུན་དང་། སྲིན་པོ་རིའི་འཛུགས་སྐྲུན་དོ་དམ། ཡར་ཀླུང་གཙང་པོའི་བར་རྒྱུད་བྱེ་ས་བཅོས་སྒྲིག སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་སྦྲགས། ས་གནས་ས་ཐོག་ནས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་དཀའ་ཁག་གནད་དོན་ཐག་གཅོད་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད་པ་རེད།

གྲོང་ཁྱེར་འགོ་ཁྲིད་བསམ་གྲུབ་ཚེ་རིང་དང་། པའེ་ཡུན་ཧྥུང་། མུའུ་ཡུང་ཝུན། ལིའུ་ཧྲེང་གཡུས། འཇམ་དགའ། ཚེ་རིང་། ཀྲེང་ཁྲོན་ཅིང་བཅས་བརྟག་ཞིབ་ནང་ལྷན་དུ་ཞུགས་པ་རེད།

སྲིན་པོ་རིའི་ཕྱོགས་བསྡུས་བ་གམ་རྣམ་གྲངས་ས་ཚིགས་སུ། ཞུས་ཁྲེང་ཚང་སོགས་བློ་མཐུན་ཚོས་ནན་ཏན་ངང་སྙན་ཞུ་གསན་ཐོག དཀའ་ཁག་གནད་དོན་ལ་རྒྱུས་མངའ་དང་ཐག་གཅོད་ཇུས་གཞི་ཞིབ་ཕྲ་བཏོན་གནང་བ་རེད། དུས་མཚུངས། བསམ་བློའི་འཆིང་རྒྱ་ལས་ཐར་བ་བྱས་ཏེ་དགོངས་པ་གསར་པ་དང་བྱ་ཐབས་གསར་པར་བརྟེན་ནས་གནད་དོན་གསར་པ་ཐག་གཅོད་བྱེད་དགོས་པ་དང་། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་བརྩོན་ལེན་བྱས་ནས་རྣམ་གྲངས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཡག་པོ་གཏོང་དགོས། གལ་ཆེའི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དོན་དག་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། སྒུག་བརྟེན་མི་བྱེད་པ་དང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་ཕོད་པ། རིགས་དབྱེ་ཞིབ་བསེས། ཞིབ་ཕྲའི་གནད་དོན་ཆད་ལུས་མེད་པར་ཞིབ་འཇུག་ཐག་གཅོད་བཅས་བརྒྱུད་ནས་མིག་སྔའི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱ་དགོས། འབྲེལ་ཡོད་ཚན་པས་རྒྱབ་སྐྱོར་ཤུགས་ཆེན་དང་རང་འགུལ་གཞོགས་འདེགས་ཀྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

སྲིན་པོ་རི་འབྲོག་ལས་ཐོན་རྫས་ལས་སྣོན་གླིང་དུ། ཞུས་ཁྲེང་ཚང་དང་བཅས་པས། མིག་སྔའི་ལས་གཉེར་གྱི་ཕན་འབྲས་གང་འདྲ་འདུག་གམ། དཀའ་ངལ་གང་དག་འཕྲད་ཀྱི་འདུག་གམ། འདི་གའི་ལས་ཀར་སློབ་ཆེན་སློབ་མ་ག་ཚོད་ཙམ་ཡོད་དམ། གླ་ཆ་ག་ཚོད་ཙམ་སྤྲོད་ཀྱི་ཡོད་དམ་ཞེས་སོགས་དྲིས་ཞོར། བཞོན་མ་གསོ་ཚགས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་། དུས་མཚུངས། དེང་རབས་འབྲོག་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། གསོ་ཚགས་ཀྱི་གཞི་ཁྱོན་ཇེ་ཆེར་དང་། ཐོན་ལས་སྦྲེལ་ཐག་ཇེ་རིང་། ཐོན་རྫས་ཀྱི་འཕར་ཐང་ཇེ་མཐོར་བཏང་ནས་ཐོན་ལས་སྐྱོན་བྲལ་གོང་འཕེལ་རྒྱུན་མཐུད་ཡོང་རྒྱུར་སྐུལ་འདེད་ཡག་པོ་གཏོང་དགོས། ཐོན་ལས་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་སྲིད་ཇུས་གང་མགྱོགས་ཞིབ་འཇུག་བརྒྱུད་བཏོན་ནས་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན། ཆེད་ལས་ཅན་བཅས་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སློབ་ཆེན་ཐོན་པའི་སློབ་མར་ལས་གནས་མཁོ་འདོན་ཧུར་ཐག་བྱས་ཐོག ཁྲིམས་དང་སྒྲིག་སྲོལ་བཞིན་ལས་བཟོ་པ་ཚོར་སྤྱི་ཚོགས་འགན་སྲུང་གི་མ་དངུལ་དུས་ཐོག་ལ་བསྐྱལ་ནས་ཁོང་ཚོའི་ཁེ་ཕན་ལ་འགན་སྲུང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། བོད་ལྗོངས་གླིང་སྣེ་གསུམ་པ་ཀོ་ཆས་ཐོན་ལས་ཀུང་སིར། ཞུས་ཁྲེང་ཚང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་པ་དང་ཆ་ཚང་བ་བྱས་ཏེ། བསམ་གཞི་སྐྱེད་སྲིང་དང་མིག་རྒྱང་རྒྱ་སྐྱེད་ཡོང་བ་བྱས་ཐོག ཐབས་ལམ་སྣེ་མང་སྤྱད་དེ་ཁེ་ལས་གང་མགྱོགས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་འཇོག་དང་འབྱུང་འཕྲོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འདི་ཉིད་ཁེ་ལས་འཁོར་རྒྱུག་དང་ལས་གཉེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་སྦག་བཅོས་བཙོག་འགོག་ལས་དོན་ཡག་པོ་སྤེལ་དགོས་པའི་ནན་བཤད་གནང་བ་རེད།

མཁའ་འགྲུལ་ཁུལ་གསར་དུ། ཞུས་ཁྲེང་ཚང་གིས་སྙན་ཞུ་གསན་པ་དང་། འགྲེམས་སྟོན་གཟིགས་པ། སྤེལ་རིམ་ཤེས་རྟོགས། སྐྱེ་ཁམས་བཅོས་སྐྱོང་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གནས་ཚུལ་རྒྱུས་མངའ་གནང་། དུས་མཚུངས། ཆབ་སྲིད་ཚུགས་གནས་མཐོར་རུ་བཏང་སྟེ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་འཐུས་ཚང་རྒྱུན་མཐུད་བཏང་སྟེ་མང་ཚོགས་ཀྱི་སྡོད་མལ་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། གྲོང་ཁྱེར་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་ཀྱི་གཟུགས་བརྙན་ཡག་པོ་འགྲེམས་སྟོན་བྱེད་དགོས། ཚད་གཞི་མཐོ་བའི་འཆར་འགོད་དང་། དམིགས་ས་མཐོ་བའི་འཛུགས་སྐྲུན། སྤུས་ཚད་དག་པའི་དོ་དམ་བཅས་མཐའ་འཁྱོངས་བྱས་ཏེ། སྤུས་མཐོའི་ཞབས་ཞུའི་ཐོན་ལས་ལ་ཇུས་འགོད་ཚན་རིག་དང་མཐུན་པ་བྱས་ནས་མཁའ་འགྲུལ་དཔལ་འབྱོར་དཔེ་གཞི་གསར་པའི་འཕྲོ་སྐྱེད་གཞི་ཁྱོན་ཇེ་རྒྱས་སུ་གཏོང་དགོས།

གོང་དཀར་རྫོང་འབོད་སྣང་སྡེ་ཁུལ་དུ། ཞུས་ཁྲེང་ཚང་གིས་ས་གནས་ས་ཐོག་ནས་འབོད་སྣང་སྡེ་ཁུལ་ནས་རྒྱ་རི་ཕུའི་བར་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་གནས་ཚུལ་བརྟག་ཞིབ་གནང་། ཁོང་གིས། རྣམ་གྲངས་འདི་ནི་དམངས་འཚོའི་ལས་གཞི་ཞིག་ཡིན་ལ་ཡུལ་སྐོར་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཤིག་ཀྱང་རེད། སྤྱི་ཡོངས་འདུ་ཤེས་འཛུགས་སྐྱོང་བྱེད་དགོས་པ་དང་། ཇུས་གཞི་ལེགས་གཏོང་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་ཧུར་ཐག་བརྒྱུད། འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ཐོག་ནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་བཏང་ཐོག རྫོང་ཁོངས་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་རྨང་གཞིའི་འགན་སྲུང་མཁོ་འདོན་བྱེད་དགོས།

ཞིང་ཆེན་ལམ་S5ལྷ་ས་ནས་ལྷོ་ཁ་བར་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལས་ཡུལ་སོགས་སུ་བརྟག་ཞིབ་གནང་སྐབས། ཞུས་ཁྲེང་ཚང་གིས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་རྣམ་གྲངས་སྔ་ཙམ་ནས་བསྐྲུན་ཚར་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་དགོས་པ་དང་། རིགས་མི་འདྲ་བའི་གྲུབ་ཆའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། རྣམ་གྲངས་སྐུལ་སྤེལ་ཁྲོད་ཀྱི་དཀའ་ཁག་གནད་དོན་མཐུན་སྦྱོར་ཐོག་ནས་ཐག་གཅོད་ཧུར་ཐག་བྱས་ནས་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་ལམ་རྒྱུད་དུ། ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། གྲོང་ཁྱེར་གྲོང་རྡལ་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཕྱོགས་ཡོངས་ནས་གྲོང་ཁྱེར་གྲོང་རྡལ་གྱི་སྐྱེ་ཁམས་སྤུས་ཚད་དང་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས། རྩེད་གོང་རིམ་མཐོའི་གཞུང་ལམ་ངོགས་གཉིས་ཀྱི་ས་སྟོང་སྟེང་ཤིང་འཛུགས་ནགས་བཟོ་ཁ་སྣོན་རྒྱག་དགོས། རྨོ་ཞིང་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཐོག ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། འདམ་རའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།

གྲོང་ཁྱེར་བདེ་སྐྱིད་ཁྱིམ་གཞིས་ཚོགས་པ་དང་། གོང་དཀར་རྫོང་། གྲ་ནང་རྫོང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོས་བརྟག་ཞིབ་ནང་མཉམ་དུ་ཞུགས་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:理论
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པ་སྐོང་འཚོགས་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
ཞུས་ཁྲེང་ཚང་དང་བཅས་པས་མཁའ་འགྲུལ་ཁུལ་གསར་དང་། གོང་དཀར། གྲ་ནང་རྫོང་གཉིས་སུ་རྟོག་ཞིབ་གནང་བ།
རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་ གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་འཆད་ཁྲིད་འཚོགས་པ།