(1)མི་སྒེར་གྱིས་སློབ་སྦྱོང་དང་ཞིབ་འཇུག མྱོང་རོལ་བཅས་བྱེད་ཆེད་མི་གཞན་གྱིས་སྤེལ་བའི་བརྩམས་ཆོས་བེད་སྤྱོད་བྱས་པ།
(2)བརྩམས་ཆོས་ག་གེ་མོ་ཞིག་ངོ་སྤྲོད་དང་དཔྱད་གཏམ་སྤེལ་བའམ་ཡང་ན་གནད་དོན་ག་གེ་མོ་ཞིག་གསལ་བཤད་བྱེད་ཆེད། བརྩམས་ཆོས་ནང་མི་གཞན་གྱིས་སྤེལ་ཟིན་པའི་བརྩམས་ཆོས་ལུང་འདྲེན་འོས་འཚམ་བྱས་པ།
(3)སྐབས་དོན་གསར་འགྱུར་སྤེལ་ཆེད། ཚགས་པར་དང་། དུས་དེབ། རྒྱང་བསྒྲགས་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་སྨྱན་སྦྱོར་ནང་དུ་གཡོལ་ཐབས་མེད་པའི་སྒོ་ནས་འགྲེམས་སྤེལ་བྱས་ཟིན་པའི་བརྩམས་ཆོས་བསྐྱར་དུ་མངོན་པའམ་ཡང་ན་ལུང་འདྲེན་བྱས་པ།
(4)ཚགས་པར་དང་། དུས་དེབ། རྒྱང་བསྒྲགས་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས་ཚགས་པར་དང་། དུས་དེབ། རྒྱང་བསྒྲགས་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས་སྤེལ་བའི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས་བཅས་ཀྱི་གནད་དོན་སྐོར་གྱི་སྐབས་དོན་རང་བཞིན་གྱི་རྩོམ་ཡིག་འགོད་པའམ་བཏང་བ། འོན་ཀྱང་རྩོམ་པ་པོས་འགོད་གཏོང་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་པ་ཕུད།
(5)ཚགས་པར་དང་། དུས་དེབ། རྒྱང་བསྒྲགས་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས་མང་ཚོགས་འདུ་ཚོགས་ཐོག་སྤེལ་བའི་གསུང་བཤད་འགོད་གཏོང་བྱས་པ། འོན་ཀྱང་རྩོམ་པ་པོས་འགོད་གཏོང་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་རིགས་ཕུད།
(6)སློབ་གྲྭའི་སློབ་ཁྲིད་དམ་ཚན་རིག་ཞིབ་འཇུག་གི་ཆེད་དུ་འགྲེམས་སྤེལ་བྱས་ཟིན་པའི་བརྩམས་ཆོས་ཡིག་སྒྱུར་དང་པར་སློག་ཉུང་ཤས་བྱས་ནས་སློབ་ཁྲིད་དམ་ཚན་རིག་ཞིབ་འཇུག་མི་སྣས་བེད་སྤྱོད་གཏོང་ཆོག་མོད། འོན་ཀྱང་དཔེ་སྐྲུན་འགྲེམས་སྤེལ་བྱས་མི་ཆོག
(7)རྒྱལ་ཁབལས་ཁུངས་ཀྱིས་གཞུང་དོན་སྒྲུབ་ཆེད་ལུགས་མཐུན་གྱི་ཁྱབ་ཁོངས་ནང་སྤེལ་ཟིན་པའི་བརྩམས་ཆོས་བེད་སྤྱོད་བྱས་ཆོག།
(8)དཔེ་མཛོད་ཁང་དང་། ཡིག་ཚགས་ཁང་། དྲན་གསོ་ཁང་། རྟེན་རྫས་བཤམས་མཛོད་ཁང་། མཛེས་རྩལ་ཁང་སོགས་ཀྱིས་པར་གཞི་འགྲེམས་སྟོན་དང་ཉར་ཚགས་བྱེད་པའི་དགོས་མཁོའི་ཆེད་དུ་དངོས་ཁང་དེའི་ནང་ཉར་ཚགས་བྱས་པའི་བརྩམས་ཆོས་པར་སློག་བྱས་པ།
(9)འགྲེམས་སྤེལ་བྱས་ཟིན་པའི་བརྩམས་ཆོས་རིན་པ་མི་དགོས་པར་འགྲེམས་སྟོན་བྱས་ཀྱང་འགྲེམས་སྟོན་དེར་སྤྱི་དམངས་ཀྱི་ལག་ནས་གྲོན་དངུལ་གང་ཡང་བསྡུས་མེད་ལ། འགྲེམས་སྟོན་བྱེད་མཁན་ལ་གླ་ཆ་ཡང་སྤྲད་མེད་པ།
(10)ཕྱི་རོལ་གྱི་སྤྱི་པའི་འདུ་ཚོགས་སུ་བཀོད་སྒྲིག་བྱས་པའམ་བཤམས་སྟོན་བྱས་པའི་སྒྱུ་རྩལ་བརྩམས་ཆོས་འདྲ་བཤུས་དང་། རི་མོ་འབྲི་བ། པར་ལེན། བརྙན་ཕབ་བཅས་བྱས་པ།
(11)ཀྲུང་གོའི་སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་སྤེལ་ཟིན་པའི་རྒྱ་སྐད་ཡི་གེའི་ཐོག་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཡི་གེའི་བརྩམས་ཆོས་སུ་བསྒྱུར་ནས་རྒྱལ་ནང་དུ་པར་སྐྲུན་འགྲེམས་སྤེལ་བྱས་པ།
(12)འགྲེམས་སྤེལ་བྱས་ཟིན་པའི་བརྩམས་ཆོས་རྣམས་ལོང་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པ།