第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་པའི་འབབ་འཕར་སྐུལ་གཏོང་བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།
མི་རབས་གསུམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།
| 山南网首页 |
2024年4月24日 星期
3 上一篇 放大 缩小 默认
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།
 

དཔྱིད་ཀྱི་རྒྱལ་མོས་ཉི་གཞོན་བསུ་དུས།གོང་དཀར་གནམ་ཐང་རྒྱབ་རིའི་ངོས་ལ།ཁམ་ཚིག་མེ་ཏོག་ཅི་ལས་མཚར།གྲལ་བསྟར་འགྲིག་པའི་སྡོང་གཟུགས་དག་ལས།སྔོ་སིང་སིང་གི་ཡུལ་ལྗོངས་རེ་འདྲེན་དུས།

ཀུན་ལ་བདེ་ཞིང་སྐྱིད་པའི་སྣང་བ་ཚོར།

ལོ་གསུམ་གྱི་སྔ་རོལ་དུ།འདི་ན་སྐྱ་ཐེར་ཐེར་ལ་སྣང་བའི་རི་བོ་གཅིག་ཡིན་པ་སུས་དྲན།

གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་གྱི་མང་ཚོགས་ཤི་ལོག་གིས།

དེའི་སྔོན་ལ་ཡིན་ན། རི་འདིའི་སྟེང་ལ་ལྕང་མ་རྐང་གཅིག་ཀྱང་མཐོང་རྒྱུ་མེད། ད་ལྟའི་ཆར། སྒོ་ནས་ཐོན་མ་ཐག་རིའི་སྟེང་དུ་ལྕང་རྐང་ཇེ་མང་དུ་འགྲོ་བ་མཐོང་སྐབས་སེམས་ནང་དགའ་ཚོར་མི་གཅིག་པ་འདུག་ཅེས་བརྗོད།

2021ལོར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྤེལ་ཚུན། ངེད་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཆབ་སྲིད་དང་། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་རང་བཞིན་ཤས་ཆེ་བའི་ལས་གྲྭ་འདིར་སྐུལ་སྤེལ་བཏང་སྟེ། དོ་དམ་དང་གཅེས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། ལྗང་སོན་གསོན་ཚད་མཐོ་རུ་སོང་བ་མ་ཟད། འབབ་འཕར་ལ་ཁྲིད་སྐུལ་དང་འབྲེལ་ཤིང་འཛུགས་ནགས་བཟོའི་ལས་ཀའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

སྐྱ་ཐེར་ཐེར་རི་བོའི་སྟེང་དུ་ཤིང་འཛུགས་ནགས་བཟོ་ཡག་ཐུབ་ཕྱིར། གྲོང་ཁྱེར་ནགས་རྩྭ་ཚན་པ་དང་ཨར་སྐྲུན་ཕྱོགས་གཏོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཡོད། དེའང་ལག་ལེན་ངོ་མའི་ཁྲོད་འཚོལ་ཞིབ་དང་ཉམས་མྱོང་ཕྱོགས་བསྡོམ་བརྒྱུད། མཐར་སྐྱེས་ཚུལ་བཟང་བའི་ཤུག་སྡོང་དང་། ཁམ་སྡོང་། རྒྱ་ལྕང་སོགས་ཐན་འགོག་ནུས་པ་ཆེ་བའི་ལྕང་སོན་བདམས་ནས་བཏབ་ཡོད་པ་རེད། ད་ལྟའི་ཆར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་གྲས་གོང་དཀར་གནམ་ཐང་རྒྱབ་རིའི་འདེབས་འཛུགས་ཁུལ་དུ་སྔོ་འགྱུར་གྱི་ཕན་འབྲས་ཐོན་འགོ་ཚུགས།

གྲོང་ཁྱེར་ནགས་རྩྭ་ཅུད་ཀྱི་མཐོ་རིམ་ལག་རྩལ་མི་སྣ་དོན་གྲུབ་ཀྱིས།

རི་སྟེང་ལ་ཤིང་འཛུགས་ནགས་བཟོ་བྱེད་པའི་ཁྲོད་དཀའ་ངལ་ཆེ་ཤོས་ནི་ཆུའི་གནད་དོན་རེད། དེ་ཐག་གཅོད་ཐུབ་པའི་ཆེད་དུ་གཏོར་ཆུའི་རྫིང་བུ་བཟོས་པ་ཡིན། དེ་མིན་ས་དོང་བསྔོག་འདྲུ་དང་སྡོང་སོན་དབོར་འདྲེན་ལའང་དཀའ་ལས་ཆེན་པོ་འདུག མིག་སྔར། ས་ཁྱོན་མུའུ་ཁྲི་1.43ལྷག་གི་འདེབས་འཛུགས་ལེགས་གྲུབ་བྱུང་ཡོད་པ་མ་ཟད། སྐྱེ་འཚར་ཡག་པོ་འདུག་པས། སེམས་ནང་དགའ་ཚོར་ཆེན་པོ་འདུག་ཅེས་བརྗོད།

ཨ་ཕོ་ནི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་གྲས་གོང་དཀར་གནམ་ཐང་རྒྱབ་རིའི་འདེབས་འཛུགས་ཁུལ་གྱི་ལྟ་སྐུལ་དོ་དམ་པ་ཞིག་རེད། ཁོ་པས་ཉིན་ལྟར་གླིང་ཁུལ་ནང་སྐོར་ཞིབ་དང་འབྲེལ། འདེབས་འཛུགས་ལས་རིམ་ཡོངས་ལ་མཛུབ་ཁྲིད་བྱེད་འགན་འཁུར།

ཨ་ཕོ་ཡིས།

ལས་གྲྭ་ལག་བསྟར་ཁྲོད། ང་ཚོས་ལྕང་སོན་གྱི་སྤུས་ཚད་དང་དབོར་འདྲེན་ལ་གྲབས་བཤེར་བྱེད་པའི་ལམ་སྲོལ་ལག་བསྟར་ཡག་པོ་བྱས་ཐོག དུས་ཐོག་ཏུ་ལྕང་སོན་གྱི་རིགས་དབྱེ་དང་། ཆེ་ཆུང་། སྤུས་ཀ་སོགས་ལ་ཞིབ་བཤེར་ཡང་ནས་ཡང་དུ་བྱས་ནས་ནགས་བཟོའི་སྤུས་ཚད་ལ་འགན་ལེན་བྱེད་ཀྱི་ཡོད་ཅེས་བརྗོད།

འདེབས་འཛུགས་ནི་ཐོག་མའི་འཇུག་སྒོ་ཡིན་ཞིང་། རྗེས་མཐུད་ཀྱི་དོ་དམ་དང་གཅེས་སྐྱོང་ནི་ལྕང་་སོན་གསོན་ཚད་ལ་འགན་ལེན་ཐུབ་པའི་འགག་རྩ་རེད། དེར་བརྟེན་མི་ཤུགས་མང་པོ་སྤྱད་ནས་བཏབ་ཟིན་པའི་ལྕང་སོན་དག་ལ་ཡལ་གཅོད་དང་ཆུ་འདྲེན་སོཊ་ཀྱི་ལས་ཀ་མང་དག་སྤེལ་དགོས་ཀྱི་ཡོད་ལ། ལྷག་དོན་དུ་ལྕང་སོན་གསོན་ཚད་ལ་འགན་ལེན་ཐུབ་པའི་ཆུ་ཡང་སེ་རྒྱག་དགོས་ཀྱི་ཡོད།

ལས་བཟོ་བཀྲ་ཤིས་ཀྱིས།

རང་ཉིད་ཉིན་ལྟར་རི་སྟེང་དུ་ལྕང་སོན་དབོར་འདྲེན་དང་ཤིང་འཛུགས་ལ་བསྐྱོད་ཀྱི་ཡོད། མ་གཞི་དཀའ་ལས་ཆེན་པོ་འདུག་ཀྱང་། དོན་སྙིང་ཆེན་པོ་འདུག་སྙམ། རྗེས་ལ་འདི་ཁུལ་ནགས་ཚལ་དུ་འགྱུར་ན། ངས་སོ་སོའི་བུ་ཕྲུག་ཚོར་ཐོག་མར་འདེབས་འཛུགས་བྱེད་མཁན་གྲས་སུ་ཨ་ཕའང་ཡོད་པ་བརྗོད་འདོད། འདི་གར། ཀུང་སིས་ལྟོ་དང་སྡོད་གནས་ལ་འགན་ལེན་ཡོད་པ་མ་ཟད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་དྲུག་ནས་བདུན་ཙམ་གསོག་ཐུབ་ཀྱི་འདུག་ཅེས་བརྗོད།

སྔོ་འགྱུར་ཆེ་ན་ལེགས་ཆ་མང་། །ནགས་བཟོ་མང་ན་ཕན་པ་ཆེ། །ཡང་ལྕང་ཕྲུག་ཁག་ཅིག་འབྱོར་སོང་། ལས་བཟོ་པ་ཚོས་ལས་སེམས་ཆེར་སྐྱེད་དང་ལས་རིམ་མི་འཕྱུགས་པའི་སྒོ་ནས་འདེབས་འཛུགས་བྱེད་སར་དབོར་ནས་རེས་འཁོར་གསར་པའི་ཤིང་འཛུགས་ནགས་བཟོའི་ལས་འགུལ་ནང་ཞུགས་སོ། །

བསོད་བསྟན་དང་ཡེ་བཟང་གིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:公益广告
ཞིང་པའི་འབབ་འཕར་སྐུལ་གཏོང་བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།
མི་རབས་གསུམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།