第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་པའི་འབབ་འཕར་སྐུལ་གཏོང་བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།
མི་རབས་གསུམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།
| 山南网首页 |
2024年4月24日 星期
下一篇 4 放大 缩小 默认
ཞིང་པའི་འབབ་འཕར་སྐུལ་གཏོང་བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
 

ཇི་ལྟར་བྱས་ནས་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་སམ། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཞིང་པའི་འབབ་འཕར་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་མངོན་གསལ་དོད་པའི་གནས་ཐོག་བཞག་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།

ཞིང་ལས་གྲོང་གསེབ་པུའི་སྲིད་ཇུས་དང་སྒྱུར་བཅོས་སིའི་རིམ་པ་དང་པོའི་སྐོར་གཟིགས་བ་ཀྲའོ་ཁྲང་པའོ་ཡིས་ངོ་སྤྲོད་བྱས་དོན། ཞིང་ལས་གྲོང་གསེབ་པུའུ་ཡིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་སྡེ་ཚན་གྱི་འགན་ནུས་ལ་གཞི་ཚུགས་ཏེ། གཙོ་བོ་ཕྱོགས་བཞིའི་ཐད་ནས་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཡངས་སུ་གཏོང་རྒྱུ་ཡིན་པ་སྟེ།

གྲོང་གསེབ་ཐོན་ལས་ཀྱི་བསྡུར་གཞི་ཡོད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཞིང་ལས་ལ་རྒྱབ་སྐྱོར་སྲུང་སྐྱོང་ལམ་ལུགས་དང་འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པས་འབྲུ་རིགས་བཏབ་པར་ཁེ་བཟང་དང་ཕན་པ་མང་ཙམ་ཐོབ་པའི་འགན་ལེན་བྱ་རྒྱུ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་པ་དང་འབྲེལ་བ་དམ་ཟབ་དང་། ཞིང་པར་སྐུལ་ཁྲིད། ཞིང་པར་ཕན་སྦྱར་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་ཀྱི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) རིན་ཐང་འཕར་བའི་ཡོང་འབབ་དེ་བས་མང་བ་གྲོང་གསེབ་དང་ཞིང་པར་སྤྲོད་རྒྱུ་རེད།

གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལས་ཞུགས་ཤོང་ནུས་ཆེ་བའི་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་པ་ཉེ་འཁོར་དུ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་དང་། བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་གི་འཆར་གཞི་མུ་མཐུད་ལག་བསྟར་གྱིས་གྲོང་གསེབ་ཀྱི་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་པའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

དེང་རབས་གྲོང་གསེབ་ཀྱི་ཐོན་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། དབང་ཆ་གཏན་འཁེལ་ཏན་ཏིག་བྱས་ནས་དབང་ཆ་སྤྲོད་པར་སྐུལ་འདེད་བརྟན་པོ་བཏང་སྟེ། གོ་རིམ་ལྡན་པའི་སྒོ་ནས་དབང་ཆ་དངོས་ལག་ཏུ་འཛིན་ཐུབ་པར་བྱེད་པ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་དང་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཐོན་དབང་བརྒྱུད་བཤུག་ཉོ་ཚོང་ཚད་ལྡན་ཅན་དུ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་པ་རྣམས་ལ་དེ་བས་འཐུས་སྒོ་ཚང་བའི་རྒྱུ་ནོར་གྱི་ཁེ་དབང་སྤྲོད་རྒྱུ་རེད།

གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། དབུལ་ལོག་འགོག་པའི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ཡག་པོ་སྤྱད་དེ། ལྟ་ཞིབ་ཚད་ལེན་དུས་ཐོག་གནད་འཁེལ་དང་རོགས་སྐྱོར་གནད་སྨིན་གནད་འཁེལ་ཡོང་བར་བྱ་རྒྱུ་དང་། རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་དང་དབུལ་ལོག་འགོག་པ་དང་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་རོགས་རམ་བྱ་རྒྱུ། སྤྱི་ཕན་རང་བཞིན་གྱི་ལས་གནས་དང་རོགས་སྐྱོར་འཁོར་ཁང་སྣ་ཚོགས་ཡག་པོ་སྤྱད་དེ་གུད་གསབ་ལས་སྤྲོད་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་རྒྱུ། འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་ཞིབ་འཇུག་བྱས་ནས་བཟོས་ཏེ་དེའི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུཊ་ཆེ་རུ་གཏོང་རྒྱུ་རེད།

“ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ནི‘ཞིང་གསུམ’ལས་དོན་གྱི་ལྟེ་བའི་ལས་འགན་ཡིན་པས། ཐབས་མང་མཉམ་སྤྱོད་དང་མཉམ་དུ་སྐུལ་འདེད་གཏོང་དགོས། ཐོན་ལས་ལ་སྐུལ་ཁྲིད་དང་། ལས་ཞུགས་ལ་སྐུལ་ཁྲིད། སྒྱུར་བཅོས་ལ་སྐུལ་འདེད་བཅས་བརྒྱུད་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་ཡངས་སུ་བཏང་ནས་རྒྱ་ཆེའི་ཞིང་པ་ཚོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཀྲའོ་ཁྲང་པའོ་ཡིས་བཤད།

(རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ)

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:公益广告
ཞིང་པའི་འབབ་འཕར་སྐུལ་གཏོང་བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།
མི་རབས་གསུམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།