第01版:头版 4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་པའི་འབབ་འཕར་སྐུལ་གཏོང་ བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་དགོས།
མི་རབས་གསུམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག་དང་འབོད་ཚིག
| 山南网首页 |
2024年4月24日 星期
3 上一篇  下一篇 4 放大 缩小 默认
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
ཞུས་ཁྲེང་ཚང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་18ནས་ཚེས་19ཉིན་བར། གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་རྩེད་ཐང་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཏུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་ནས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དཔེ་ཀློག་འཛིན་གྲྭས་མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་། ཞིབ་གྲོས་སྤེལ་རེས་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ《སྲོལ་ཡིག》(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)མ་ཡིག་གི་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་དང་ལེའུ་རེ་རེ་བཞིན་གསལ་འགྲེལ་བྱེད་རྒྱུ་རེད། གྲོང་ཁྱེར་འགོ་ཁྲིད་ཝང་ཏེ་ཝུན་དང་། བག་གྲོ། ཝང་ཡུན་ཆིན། པའེ་ཡུན་ཧྥུང་། ཧྲན་ཆང་། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། མུའོ་ཡུང་ཝུན། ཧྥུང་ཞའོ་དབྱི། ལིའུ་ཧྲེང་ཡུའུ། ཨན་ཤིན་གོ་། ཀྲང་ཝུའེ་བཅས་ཀྱིས《སྲོལ་ཡིག་》སློབ་སྦྱོང་བྱེད་པར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་གནང་བ་རེད། གྲོང་ཨུད་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་ཀྱི་དཔྱད་གཞི་ཕུལ་ཡོད། ཚང་མས་རང་ཉིད་ཀྱི་ལས་ཀ་དང་སློབ་སྦྱོང་། འཚོ་བ་བཅས་དང་ཟུང་འབྲེལ་དང་། འགན་འཁྲིའམ་ལས་འགན་དང་ཟུང་འབྲེལ་བྱས་ནས་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པ་བྱས་ཏེ་མྱོང་ཚོར་གླེང་བ་དང་། ངོས་འཛིན་ཤོད་པ། སྒྲིག་ལམ་གྱི་གལ་ཆེའི་རང་བཞིན་གསལ་རྟོགས་བཅས་བྱས་པས་བསམ་བློའི་ངོས་འཛིན་དང་ཏང་གཤིས་ཀྱི་ངོས་འཛིན་སྔར་བས་ཆེ་རུ་ཕྱིན་པ་དང་། སྒྲིག་ལམ་གྱི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ཏེ། ཏང་ཁྲིམས་ཀྱི་སློབ་གསོ་གཏིང་ཟབ་དང་ཏང་གཤིས་ཀྱི་ཞུན་བརྡར་གཟབ་ནན་ཞིག་དང་ལེན་བྱས་ཡོད་པའི་ཚོར་སྣང་གཅིག་ཏུ་བྱུང་ཡོད།

ཞུས་ཁྲེང་ཚང་གིས་ཚང་མ་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་རྗེས། ཁོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་གལ་ཆེའི་རང་བཞིན་དང་། དངོས་ཡོད་ཀྱི་དོན་སྙིང་། དུས་རབས་ཀྱི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་རྒྱག་དགོས་ཞེས་དང་།

ཞུས་ཁྲེང་ཚང་གིས་སློབ་སྦྱོང་གི་གཙོ་གནད་ཁོང་དུ་ཡང་དག་ཆུད་པ་བྱས་ཐོག་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་པོའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་དགོས་པ་དང་། 《སྲོལ་ཡིག་》ལག་བསྟར་ནན་པོ་བྱས་ནས་ཆབ་སྲིད་ཀྱི་རྣམ་པ་རྒྱུན་མཐུད་ངང་གཙང་མ་ཡོང་བ་བྱ་དགོས་པ། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐར་ཕྱིན་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ངོ་། ། བསོད་ནམས་བསྟན་པས་བསྒྱུར། བསོད་དོནད་ ང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:公益广告
ཞིང་པའི་འབབ་འཕར་སྐུལ་གཏོང་ བྱ་སྤྱོད་ཇི་ལྟར་སྤེལ་དགོས་སམ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ།
རི་བོ་ལྗང་ལོས་བརྒྱན། ཕ་ཡུལ་དེ་བས་མཛེས།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་དགོས།
མི་རབས་གསུམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག་དང་འབོད་ཚིག