第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ།
ངེད་གྲོང་ཁྱེར་གྱིས་ཟོག་འགྲེམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
བརྩེ་བ་ཟབ་པའི་རྒྱ་བོད་བཟའ་ཚོ་གཉིས།
ཞུས་ཁྲེང་ཚང་གིས་སྣེ་གདོང་གྲོང་ཁུལ་གྱི་རྣམ་གྲངས་ འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ།
| 山南网首页 |
2024年4月22日 星期
3 上一篇  下一篇 4 放大 缩小 默认
བརྩེ་བ་ཟབ་པའི་རྒྱ་བོད་བཟའ་ཚོ་གཉིས།
 

རོལ་ནང་མཛོ་མོ་གཤིབ་གཤིབ། ང་གཉིས་གཤིབ་རྒྱུ་བྱུང་ན། ཆུ་ལ་རྩམ་པ་བརྒྱབ་ནས། འཐུང་དགོས་བྱུང་ཡང་ལས་རེད། ཝང་ལེའང་དང་ཁོང་གི་བཟའ་ཟླ་སྒོང་སྒོང་ནི་མི་རིགས་མི་འདྲ་བ་ཡིན་རུང་། མི་ཚེའི་གཏན་འགྲོགས་སུ་གྱུར་ནས་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་བསྐྲུན་ཡོད། འདི་ནི་ཁོང་གཉིས་པོས་ཁྱིམ་ཚང་ནང་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་རྣམ་པ་ཡིན་པ།

ཆུ་གསུམ་རྫོང་གྲབ་སྨད་ས་གྲོང་ཚོར། རྒྱ་བོད་གཉེན་སྒྲིག་ཁྱིམ་ཚང་ཞིག་ཡོད། ཁྱོ་བོ་ནི་སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་ནས་ཡིན་པ་དང་མིང་ལ་ཝང་ལེའང་ཟེར། བཟའ་ཟླ་ནི་གྲབ་སྨད་ས་གྲོང་ཚོ་ནས་ཡིན་ཞིང་། མིང་ལ་སྒོང་སྒོང་ཟེར། ཁོང་གཉིས་ངོ་ཤེས་པ་ནས་ཕན་ཚུན་དགའ་པོ་བྱས་པའི་བར་ནས་བཟའ་ཚང་སྒྲིག་པའི་བར་ལོ་33ཕྱིན་ཞིང་། ཁོང་གཉིས་པོའི་བརྩེ་དུང་ལ་ད་བར་འགྱུར་བ་སྤུ་ཙམ་ཡང་བྱུང་མེད།

ལོ་མང་གོང་། ཝང་ལེའང་ཕ་ཡུལ་ནས་ཁ་བྲལ་ཏེ་བོད་ལ་གླ་པ་བྱེད་པར་ཡོང་། 1990ལོར། ཝང་ལེའང་ཆུ་གསུམ་རྫོང་གྲབ་སྨད་ས་གྲོང་ཚོའི་གཞུང་ལམ་ཨར་སྐྲུན་རུ་ཁག་ཏུ་སྒོང་སྒོང་དང་ངོ་ཤེས་ནས་ཕན་ཚུན་སེམས་པ་གཅིག་མཐུན་བྱུང་སྟེ་དགའ་རོགས་ཀྱི་འབྲེལ་བ་ཆགས་པ་དང་། དེ་ནས་ལོ་ཤས་མ་སོང་བར་གཉེན་སྒྲིག་བྱས་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སྒོང་སྒོང་གིས། ཨར་སྐྲུན་རུ་ཁག་ཏུ་མཉམ་གཤིབ་བྱེད་པའི་བརྒྱུད་རིམ་ནང་། ཝང་ལེའང་ནི་ལས་ཀ་ཧུར་པོ་ཡོད་པའི་ཁར་མི་གཞན་ལ་རོགས་རམ་བྱེད་ཡས་དགའ་པོ་ཡོད་པའི་ཕོ་གཞོན་ཡིན་པ་རྒྱུས་མངའ་བྱུང་རྗེས་ངས་ཝང་ལེའང་གི་མནའ་མར་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།

དང་ཐོག་སྒོང་སྒོང་གི་ཕ་མ་གཉིས་པོས་ཝང་ལེའང་སྔ་ཕྱི་མ་གཏོགས་སི་ཁྲོན་དུ་ལོག་གི་རེད་སྙམ་ནས་ཁོང་གཉིས་ཀྱི་གཉེན་སྒྲིག་ལ་མོས་མཐུན་བྱེད་ཀྱི་མེད། འོན་ཀྱང་རྗེས་སུ་ཝང་ལེའང་མི་དྲང་པོ་དྲང་གཞག་ཞིག་ཡོད་པ་དང་རང་གི་དགའ་རོགས་ཆེད་དུ་བོད་དུ་སྡོད་རྒྱུའི་ཐག་བཅད་པ་མཐོང་སྐབས་མཐར་མག་པ་དེ་ཁས་བླངས་པ་རེད།

བཟའ་ཚོ་གཉིས་ཀྱིས་ཨར་སྐྲུན་རུ་ཁག་ཏུ་གླ་པ་བྱས་ནས་བསགས་པའི་དངུལ་དེས། 1993ལོར་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་དང་། ལོ་གཅིག་གི་རྗེས་ལ་ཁོ་གཉིས་ལ་ཕྲུ་གུ་བུ་མོ་ཞིག་སྐྱེས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་གྱུར།

1998ལོར་ཨར་ལས་དོན་རྐྱེན་གྱི་རྐྱེན་པས་ཝང་ལེའང་གི་ལག་གཡས་པ་སྐྱོན་ཅན་དུ་གྱུར་པ་དང་མིག་དབང་མི་གསལ་བར་གྱུར། ཝང་ལེའང་གིས། སྐབས་དེ་དུས་རྨས་སྐྱོན་ཚབས་ལྗི་པོ་ཡོད་པའི་རྐྱེན་གྱིས་སྒོང་སྒོང་གིས་ང་ལྷོ་ཁ་ནས་ལྷ་ས་དང་།ལྷ་ས་ནས་ཁྲེང་ཏུའུ་ལ་སྨན་བཅོས་བྱེད་པར་ཁྲིད་བྱུང་། ལོ་གཅིག་ལྷག་ཙམ་གྱི་སྨན་བཅོས་དུས་ཚོད་ནང་ཀོང་ཀོང་གིས་ང་ལ་ལྟ་རྟོག་བྱེད་དགོས་པ་མ་ཟད། ད་དུང་ལོ་ན་ཆུང་བའི་བུ་མོར་ཡང་ལྟ་རྟོག་བྱེད་དགོས་བྱུང་བས་དངོས་གནས་དཀའ་ལས་ཁག་པོ་བྱུང་སོང་ཞེས་བཤད།

2002ལོར། ཝང་ལེའང་གིས་ཨར་སྐྲུན་རུ་ཁག་ཞིག་བཙུགས་པ་དང་། མི་སྒེར་གྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་བྱུང་བ་དང་དུས་མཚུངས་བཟའ་ཚོ་གཉིས་ཀྱིས་ད་དུང་རང་འགུལ་ངང་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས། གྲོང་མི་སྨན་ཁང་དུ་སྡོད་དགོས་ཚེ་ཁོང་ཚོས་རང་ཁྱིམ་གྱི་རླངས་འཁོར་བཏང་ནས་གྲོང་མི་སྨན་ཁང་དུ་བསྐྱལ་བ་མ་ཟད། ད་དུང་རྟག་ཏུ་ཁོང་ཚོར་སྨན་རིན་སྔ་རྟིང་སྤྲོད་རོགས་བྱེད་པ་དང་མཚམས་རེ་སྨན་རིན་ཚང་མ་ཁོང་གཉིས་པོས་སྤྲོད་ཀྱི་ཡོད་ཅིང་། ནུས་ཤུགས་ཡོད་རྒུས་ཁོང་ཚོའི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། ལོ་མང་རིང་། ཝང་ལེའང་གིས་སྔ་རྗེས་སུ་གྲབ་སྨད་ས་གྲོང་ཚོའི་དུད་ཁྱིམ་5ཡི་གྲོང་མིར་གྲོ་ཞིབ་དང་འབྲས་སོགས་འཚོ་བའི་མཁོ་ཟོག་སྤྲད་པ་དང་། ཁང་པ་རྒྱག་པའི་ལྕགས་ཤོག་སྨི་ངོས་གྲུ་300ཐག་གཅོད་བྱས་པ་མ་ཟད། སྐབས་དེ་དུས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་1ལ་རོགས་སྐྱོར་ཡང་བྱས་པ་རེད།

གསར་འགོད་པས་ཝང་ལེའང་ལ་ནུས་ཤུགས་ཡོད་རྒུས་གྲོང་མི་ཚོར་རོགས་རམ་བྱེད་པའི་རྒྱུ་མཚན་གང་ཡིན་ཞེས་འདྲི་སྐབས། ཝང་ལེའང་གིས“འདི་ནི་ང་རང་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན་འཁུར་དགོས་ངེས་ཀྱི་འགན་འཁྲི་དང་འོས་འགན་ཞིག་རེད”ཅེས་བཤད།

2014ལོར་ཝང་ལེའང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ལ་བདམས་པ་དང་། 2016ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བདམས་པ། 2018ལོར་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ཁྱིམ་ཚང་ལ་བདམས་པ། 2019ལོར“རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

པ་ལགས་ཀྱི་ཤུགས་རྐྱེན་འོག ཝང་ལེའང་གི་བུ་མོ་མཐོ་སློབ་ལོ་རིམ་གསུམ་པའི་ལོ་དེར་དངོས་སུ་ཏང་ནང་ཞུགས་པ་དང་།ཁོ་མོས་ཀྱང་པ་ལགས་ཀྱི་བསླབ་བྱ་ཡིད་ལ་བརྟན་པོར་བཅངས་ཏེ་ཆུང་དུས་ནས་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་ཤེས་རྟོགས་ཐུབ་ཡོད། ན་ནིང་ཁོ་མོ་དང་ཕ་ཡུལ་ཀན་སུའུ་ནས་ཡིན་པའི་བཟའ་ཟླ་གཉེན་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་ཆུ་མོའི་རྒྱུན་བཞིན་བསྐྱངས་ཡོད་པ་རེད།

བསོད་བསྟན་དང་བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:公益广告
སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ།
ངེད་གྲོང་ཁྱེར་གྱིས་ཟོག་འགྲེམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
བརྩེ་བ་ཟབ་པའི་རྒྱ་བོད་བཟའ་ཚོ་གཉིས།
ཞུས་ཁྲེང་ཚང་གིས་སྣེ་གདོང་གྲོང་ཁུལ་གྱི་རྣམ་གྲངས་ འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ།