འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ལྷུན་རྩེ་རྫོང་གིས་རྫོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་འཚོགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སློབ་སྦྱོང་དང་ལག་བསྟར་དམ་འཛིན་མངོན་གསལ་དོད་པོ་བྱས་ཐོག། སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་སོགས་ཀྱི་ཐད་ལ་གྲུབ་འབྲས་གསར་པ་ཐོབ་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཉེ་ལམ། ཆུ་གསུམ་རྫོང་གིས་རྫོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་ནང་དོན་གཙོ་བོ་དང་ལག་ལེན་གྱི་བླང་བྱ་ཁག་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ལ་ཡོ་བསྲང་བྱེད་དགོས་པའི་ནན་བཤད་བྱས་པ་རེད། བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།