第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
文件

第03版
综合新闻
 
标题导航
རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ངེད་གྲོང་ཁྱེར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱས་པ།
དམངས་ཡོངས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།
ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ་2024ལོའི་ཟླ་4པ་ནས་7པའི་བར་ཏང་ཡོན་ཚང་མར་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་པ།
སྔར་གྱི་དཀའ་སྡུག། དེང་གི་བདེ་སྐྱིད།
| 山南网首页 |
2024年4月8日 星期
下一篇 4 放大 缩小 默认
རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ངེད་གྲོང་ཁྱེར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཧོ་མའོ་ཡུན་གདན་ཞུས་ལྟར་“རླབས་ཆེན་གྱི་མཆོང་སྐྱོད། ཉམས་མེད་ཀྱི་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ”ཅེས་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧྲན་ཆང་གིས་གཙོ་སྐྱོང་གནང་བ་དང་། གྲོང་ཁྱེར་དབུ་ཁྲིད་བག་གྲོ་དང་། པའེ་ཡུན་ཧྥུང་། བསྟན་འཛིན། བཀྲ་ཤིས་ཕུན་ཚོགས། ཕན་ཀང་ཕིང་། ཨན་ཤིན་གོ་སོགས་ཞུགས་པ་རེད།

སྒྲོག་འགྲེལ་ཚོགས་རའི་ཐོག་དགེ་རྒན་ཆེ་མོ་བ་ཧོ་མའོ་ཡུན་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་བ་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཡིན་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བོད་ཀྱི་འགྱུར་ལྡོག་ལས་ལོ་རྒྱུས་ལ་ཆེས་ལེགས་པའི་དྲན་གསོ་བྱས་པ་ནི་ལོ་རྒྱུས་གསར་པ་གསར་གཏོད་བྱས་པ་བཅས་ཕྱོགས་གསུམ་ཐད་ནས་ངེད་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ལ་གསོན་ཉམས་དོད་པའི་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྒྲོག་འགྲེལ་སྙན་ཞུ་གནང་ཞིང་། སྙན་ཞུའི་བརྗོད་དོན་གཙོ་བོར་དམིགས་པ་དང་། དོན་དངོས་དང་ཟུང་འབྲེལ་ཆེ་བ། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་དགག་པ་གཏིང་ཟབ་བརྒྱབ་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་བྱུང་བ། ལོ་ངོ་65ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་ཐུགས་ཁུར་འོག་གངས་ལྗོངས་ས་མཐོར་མི་ཡུལ་གསར་པ་ཞིག་བརྗེས་ནས་དུས་ཐུང་ལོ་བཅུ་ཕྲག་ནང་སྟོང་ལོའི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་མངོན་འགྱུར་བྱུང་སྟེ་དེ་གར་ཡོད་པའི་ལས་བྱེད་མང་ཚོགས་ཚོས་བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཁྱབ་དང་། ཆེས་གཏིང་ཟབ་པ། ཆེས་རླབས་ཆེན་བཅས་ཀྱི་སྤྱི་ཚོགས་ལ་སྔར་བས་རྒྱུས་མངའ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པའི་མྱོང་ཚོར་དེ་བས་ཟབ་པ་བྱུང་ཡོད།

ཧྲན་ཆང་གིས་གཙོ་སྐྱོང་གནང་སྐབས་གསུངས་དོན། ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། བོད་ཀྱི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཐོག་དྲིལ་བསྒྲགས་སློབ་གསོ་དང་དྲན་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་ལས་ཟབ་པའི་བཀའ་དྲིན་དང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ནམ་ཡང་སེམས་ལ་བརྟན་པོར་ངེས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཐོག་དོན་ཆེན་བཞི་དམ་འཛིན་དང་། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞིར་དམིགས་པ། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་ལ་སྐུལ་འདེད་གཏོང་དགོས།

སྒྲོག་འགྲེལ་གྱི་བརྗོད་དོན་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། གསོན་ཉམས་དོད་ལ་ངོ་མཚར་ཆེ་བ། འབད་འབུངས་ཡར་བརྩོན་བཅས་ཡོད་པས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ལ་བོད་གསར་རྙིང་དབར་གྱི་ཧེ་བག་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། བོད་ལྗོངས་གསར་པའི་བདེ་སྐྱིད་འཚོ་བ་ཚོར་ཐུབ་པ་བྱུང་ཡོད། ཚང་མས་ངེས་པར་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས་བྱེད་པ། ལས་གནས་ལ་གཞི་ཚུགས་པ། “དོན་ཆེན་བཞིར”དམིགས་པ། “གསར་གཏོད་བཞིར”སེམས་ནུས་བསྒྲིལ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། འབྱུང་འགྱུར་གསར་པའི་ཕྱོགས་སུ་བསྐྱོད་པའི་གསོན་ཉམས་ལྡན་པའི་ལག་ལེན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་གྲོང་མི་པ་སངས་ཀྱིས། དེ་རིང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་གྲུབ་འབྲས་ཉན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཆ་ང་ཚོའི་དངོས་པོའི་འཚོ་བ་ཡིན་ནའང་འདྲ། ཡང་ན་བསམ་པའི་རིག་གནས་གང་གི་ཐད་ནས་ཀྱང་ལེགས་བཅོས་ཆེན་པོ་བྱུང་ཡོད། ང་ཚོས་ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་བཤད།

སྒྲོག་འགྲེལ་སྙན་ཞུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད། རྩེད་ཐང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:文件
   第03版:综合新闻
   第04版:公益广告
རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ངེད་གྲོང་ཁྱེར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱས་པ།
དམངས་ཡོངས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།
ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ་2024ལོའི་ཟླ་4པ་ནས་7པའི་བར་ཏང་ཡོན་ཚང་མར་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་པ།
སྔར་གྱི་དཀའ་སྡུག། དེང་གི་བདེ་སྐྱིད།