第02版:文件 上一版3  4下一版
 
版面导航

第01版
头版

第02版
文件

第03版
综合新闻
 
标题导航
| 山南网首页 |
2024年4月8日 星期
下一篇 4 放大 缩小 默认
2024ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།
 

“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་

ནུས་ལྡན་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།(2024ལོའི་ཟླ་1ཚེས་1ཉིན)

རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་གཏིང་ཟབ་བྱ་རྒྱུར་སྐུལ་སྤེལ་བཏང་ནས། རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་ཟོག་སྐྱེལ། སྦྲག་སྲིད་བཅས་མཉམ་འདྲེས་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་ཐོག། མཁོ་སྒྲིག་སྐྱེལ་འདྲེན་མཉམ་དུ་བྱེད་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་སྡེབ་ཚོང་ཁྲོམ་ར་རིམ་བསྒྱུར་རིམ་སྤར་བྱེད་པར་སྐུལ་སྤེལ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་གྲང་ཉར་ཟོག་སྐྱེལ་མ་ལག་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བ་དང་། རྐང་འཛིན་གྲང་ཉར་ཟོག་སྐྱེལ་རྟེན་གཞི་གང་མགྱོགས་སྐྲུན་ཏེ། རྫོང་ཁོངས་ཐོན་གནས་ཀྱི་སྤྱི་པའི་གྲང་ཉར་ཟོག་སྐྱེལ་སྒྲིག་བཀོད་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱས་ཐོག རྫོང་ཁོངས་ཀྱི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས། གྲོང་གསེབ་ཀྱི་དམིགས་བསལ་ས་གནས་ཁྱད་ལྡན་ཐོན་རྫས་དྲ་ལམ་ནས་བྲིན་འཚོང་བྱེད་རྒྱུ་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་ཀྱི་སྤུས་ཞན་རྫུན་ལྷད་གསུམ་གྱི་ཐོན་རྫས་ལ་རྒྱུན་མཐུད་བཅོས་སྒྲིག་བྱེད་དགོས།

(བཅུ་གསུམ) གྲོང་གསེབ་ཀྱི་འཁོར་རྒྱུག་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།

གསུམ་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་

ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

(བཅུ་གཉིས) ཞིང་ལས་ཐོན་རྫས་ལས་སྣོན་ལས་རིཊ་

ཇེ་ལེགས་དང་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཐོག་མའི་ལས་སྣོན། ཞིབ་ཕྲའི་ལས་སྣོན་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་སྟེ། ཐག་ཉེ་ས་དང་ས་ཆ་དེ་རང་དུ་རིམ་བསྒྱུར་རིམ་འཕར་བྱེད་པར་སྐུལ་སྤེལ་གཏོང་དགོས། ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྒྲིག་བཀོད་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བར་སྐུལ་སྤེལ་བཏང་ནས། ཁྱབ་ཁོངས་རང་བཞིན་གྱིས་གྲང་ཉར་སྐམ་བཟོ་དང་། སོས་པ་ཉར་ཚགས། སོས་གཏུབ་ཐུམ་རྒྱག་སོགས་ལས་སྣོན་རགས་རིམ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རིག་ནུས་ཅན་དང་གཙང་སེལ་ཅན་གྱི་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་དགོས། བྱང་ཤར་ས་ཁུལ་དུ་སྲན་ཆེན་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་ཡུག་སྦྲེལ་ལས་སྣོན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཟས་རིགས་དང་གཟན་ཆས་ཐོན་ལས་ཀྱི་ཁྱུ་ཚོགས་བསྐྲུན་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་གཙོ་ཁུལ་དུ་ལས་སྣོན་ཐོན་ལས་གླིང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས།

(བཅུ་བཞི) ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བའི་བྱེད་ཐབས་ཤུགས་ཆེར་གཏོང་དགོས།

ཞིང་པའི་འབབ་འཕར་ལ་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་རྒྱུན་མཐུད་ཀྱིས་རྒྱ་བསྐྱེད་གཏོང་བ་དང་། ཞིང་ཁྱིམ་གྱིས་ཁྱད་ལྡན་འདེབས་འཛུགས་དང་ལག་བཟོས་ཐོན་རྫས། ནགས་འོག་དཔལ་འབྱོར་སོགས་ཁྱིམ་ཚང་གིས་གཉེར་བའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དགོས། ཐོན་ལས་འཕེལ་རྒྱས་དེ་ཞིང་ལས་དང་འབྲེལ་ཞིང་ཞིང་ལས་ལ་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་བདག་གཉེར་གྱི་གཙོ་གཞི་གསར་པ་དང་། ཞིང་འབྲེལ་ཁེ་ལས་ཀྱི་རོགས་སྐྱོར་སྲིད་ཇུས་དེ་ཞིང་ཁྱིམ་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་རྒྱུ་དང་མཉམ་སྦྲེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ངལ་ནུས་ཕྱོགས་མང་པོ་ནས་ལས་ཞུགས་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ཁྱབ་ཁོངས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་དང་སྒྲིག་འཛུགས་ཡོད་པའི་ངལ་ལས་ཕྱིར་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ངལ་ལས་ལན་པར་སྐྱེད་བསྲིང་བྱེད་དགོས། ཞིང་པ་ལས་མིའི་ཞབས་ཞུའི་འགན་སྲུང་གི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ། ཞིང་པ་ལས་མིའི་ལས་ཞུགས་འགུལ་རྣམ་ལྟ་ཞིབ་ལ་ཤུགས་སྣོན་རྒྱག་དགོས། ཞིང་པ་ལས་མིའི་གླ་ཕོགས་དུས་འགྱངས་བྱེད་པའི་གནད་དོན་གྱི་འབྱུང་རྩ་སྔོན་འགོག་དང་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་བརྒྱབ་སྟེ། གླ་ཆ་ཆད་འགྱངས་རྩ་བཅོས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མངག་ཐོ་དང་ཁ་ཕྱོགས་གཏན་འཁེལ། ལས་གནས་གཏན་འཁེལ་བཅས་ཀྱི་གསོ་སྦྱོང་རྣམ་པ་ཁྱབ་གདལ་གཏོང་དགོས། ལོ་ན་ཆེ་བའི་ཞིང་པ་ལས་མིའི་ལས་ཞུགས་རོགས་སྐྱོར་གང་ལེགས་བསྒྲུབ་དགོས། གཙོ་གནད་ལས་གྲྭའི་རྣམ་གྲངས་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་རྒུད་གསབ་ལས་སྤྲོད་བྱེད་རྒྱུ་ཁྱབ་གདལ་བཏང་ནས། ངལ་རྩོལ་གླ་ཆའི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་གཏོང་དགོས། བོགས་གཏོང་དང་མཉམ་ལས་གསར་སྤེལ། མ་རྐང་བཞག་སྟེ་བདག་གཉེར་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་གྲོང་གསེབ་ཀྱི་ཐོན་ཁུངས་དང་མ་རྩ་གང་ལེགས་སྤྱོད་རྒྱུར་སྐུལ་སྤེལ་བཏང་ཐོག། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས།

བཞི་པ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

(བཅོ་ལྔ)གྲོང་གསེབ་འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་ནུས་ཤུགས་ཆེར་གཏོང་དགོས།

གྲོང་གསེབ་ཀྱི་མི་འབོར་འཕེལ་ཕྱོགས་དང་འཚམ་པར་བྱས་ནས། གྲོང་ཚོའི་བཀོད་པ་དང་ཐོན་ལས་སྒྲིག་གཞི། སྤྱི་པའི་ཞབས་ཞུའི་སྡེབ་སྒྲིག་བཅས་ཇེ་ལེགས་སུ་གཏོང་དགོས། རྫོང་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱིས་གྲོང་ཁྱེར་གྲོང་རྡལ་དང་གྲོང་སྡེ། ཐོན་ལས་གླིང་ཁུལ་སོགས་བར་སྟོང་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུར་ཤུགས་རྒྱག་དགོས། གྲོང་ཚོའི་འཆར་འགོད་ལ་རིགས་དབྱེར་ཏེ་སྒྲིག་བཟོ་དང་། ཁེར་རྐྱང་དུ་སྒྲིག་བཟོ་བྱས་ཆོག་ལ། ཤང་ངམ་གྲོང་རྡལ་ལམ་གྲོང་ཚོ་མང་པོ་གཅིག་ཏུ་བྱས་ཏེ་སྒྲིག་བཟོ་བྱས་ཀྱང་ཆོག སྒྲིག་བཟོ་བྱེད་མི་དགོས་པ་དག་རྫོང་དང་ཤང་རིམ་པའི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཁྲོད་སྤྱི་འགྲོས་རྩ་སྲོལ་གསལ་པོ་བཟོས་ཏེ་དོ་དམ་དང་གཏན་འཁེལ་བྱས་ཆོག གྲོང་སྡེའི་འཆར་འགོད་སྒྲིག་བཟོའི་ཕན་འབྲས་རང་བཞིན་དང་ལག་ལེན་རང་བཞིན། ལག་བསྟར་གཅུན་འདོམས་ནུས་པ་བཅས་ལ་ཤུགས་བརྒྱབ་སྟེ། གྲོང་གསེབ་ཀྱི་བར་སྟོང་ཇུས་འགོད་དང་རྣམ་པ་ཚོད་འཛིན་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། རྨོ་ཞིང་གི་སྤྱིའི་འདེབས་ཚད་ཇེ་ཉུང་དུ་མི་འགྲོ་བ་དང་། ཡུན་རིང་གཞི་རྩའི་ས་ཞིང་བཀོད་སྒྲིག་ཧ་ལམ་བརྟན་བརླིང་ཡིན་པའི་སྔོན་འགྲོའི་འོག ས་ཞིང་སྣོན་འཕྲི་དམ་སྦྲེལ་དང་ཁ་གསབ་དོ་མཉམ་སྲིད་ཇུས་ཕྱོགས་བསྡུས་ཐོག་སྤྱད་དེ། བརྟན་བརླིང་རིམ་ལྡན་ངང་ཤང་དང་གྲོང་རྡལ་གཞི་རྩའི་སྡེ་ཚན་དུ་བྱས་པའི་ཁྱབ་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་བེད་མེད་ས་ཞིང་ལེགས་སྒྲིག་ཐོག་སྤྱད་དེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས་ཐད་ས་ཞིང་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:文件
   第03版:综合新闻
   第04版:公益广告
2024ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།