第01版:头版 4下一版
 
版面导航

第01版
头版

第02版
文件

第03版
综合新闻
 
标题导航
དམངས་ཡོངས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ནས་ མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།
2024ལོའི་ཟླ་4པ་ནས་7པའི་བར་ཏང་ཡོན་ཚང་མར་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་པ། 
རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ངེད་གྲོང་ཁྱེར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱས་པ།
སྔར་གྱི་དཀའ་སྡུག། དེང་གི་བདེ་སྐྱིད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག་དང་འབོད་ཚིག
| 山南网首页 |
2024年4月8日 星期
3 上一篇  下一篇 4 放大 缩小 默认
སྔར་གྱི་དཀའ་སྡུག། དེང་གི་བདེ་སྐྱིད།
ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་སྐལ་བཟང་ཆོས་སྒྲོན་གྱིས་སྔ་དེང་གླེང་བ།
 

1934ལོར་སྐྱེས་པའི་སྐལ་བཟང་ཆོས་སྒྲོན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོ་ནས་རེད། ཁོང་གི་ཕ་མ་གཉིས་པོ་དེ་སྔོན་ཡུལ་དེ་གའི་གཞིས་ཀའི་ནང་གཟན་ཡིན་པས་ཁོང་ཡང་མི་ཚེ་གང་པོ་གཞིས་ཀ་དེའི་བྲན་གཡོག་བྱེད་རྒྱུ་ལས་མ་འདས། “ནམ་མ་ལངས་གོང་ནས་ཡར་ལངས་ཏེ་རི་ལ་ལྕི་བ་སྒྲུག་པར་འགྲོ་དགོས་པ་མ་ཟད་མཚན་གུང་བར་བལ་ལས་བྱས་ནས་སྡོད་དགོས་ཀྱི་ཡོད” དེ་ལས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་བཟོད་དུ་མེད་པའི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་དགོས་ཀྱི་ཡོད། “ཉིན་ལྟར་རྩམ་པ་ཐུར་མ་ཆུང་ཆུང་གང་ལས་མེད་པས་གྲོད་པ་ཡེ་ནས་རྒྱགས་ཀྱི་མེད་ཙང་ཆུ་རྒྱགས་ཚད་བཏུང་ནས་གྲོད་པ་རྒྱགས་ཐབས་བྱེད་ཀྱི་ཡོད”

ལོ་25ལ་སོན་པའི་ལོ་དེར། སྐལ་བཟང་ཆོས་སྒྲོན་དང་ནང་གཟན་བུ་མོ་གཞན་དག་གཉིས་དེ་ལྟ་བུའི་འཚོ་བར་རྦད་དེ་ཡིད་ཐང་ཆད་ནས་ཡུལ་གཞན་དུ་བྲོས། མི་གཞན་གྱིས་དེ་དོན་མི་རྟོགས་པའི་ཆེད་དུ་ཁོང་ཚོས་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཉིན་མོར་རི་གསེབ་ཏུ་གབ་པ་དང་མཚན་མོ་བྲོས་བྱོལ་གྱི་ལམ་ལ་བཞུད། འོན་ཀྱང་། མཐར་གནས་ཚུལ་དེ་གཞིས་དཔོན་གྱིས་ཤེས་ནས་དེ་འཕྲལ་ཁོ་ཚོ་གསུམ་ག་བཟུང་། དེ་ནས་གཞིས་ཀར་སླེབས་མ་ཐག་སྐལ་བཟང་ཆོས་སྒྲོན་གྱི་རྐང་ལག་བཞི་པོ་བཀྱིགས་ནས་ཉེས་རྡུང་ཚད་མེད་བཏང་། “དང་ཐོག་ན་ཟུག་བཟོད་གླགས་མེད་པ་བཏང་བྱུང་། རྗེས་ལ་རྦད་དེ་སྦྲིད་ནས་ན་ཟུག་ཚོར་གྱི་མི་འདུག”ཅེས་སྐབས་དེ་དུས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་བློ་ཡུལ་དུ་འཆར་སྐབས་སྐལ་བཟང་ཆོས་སྒྲོན་གྱི་མིག་ཟུང་རང་དབང་མེད་པར་མཆི་མས་བརླན།

1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྐལ་བཟང་ཆོས་སྒྲོན་ལ་མི་ལུས་གསར་པ་ཐོབ་པ་དང་གཉིས་སུ་མ་མཆིས་ཏེ། ཁོང་དང་བཟའ་ཟླ་གཉིས་པོར་སྔ་རྗེས་སུ་ཕྲུ་གུ་4བྱུང་བ་དང་། ད་ཆ་སྐལ་བཟང་ཆོས་སྒྲོན་རང་ཉིད་ཀྱི་ཚ་བོ་དང་ཚ་བོའི་མནའ་མ་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། ཚ་བོ་ཕྱིར་ལས་ཀར་འགྲོ་དགོས་སྟབས་རྒྱུན་དུ་ཚ་བོའི་མནའ་མས་ཁོང་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཁོང་ཚོ་ནང་མི་ཚོ་བོད་ཁང་ཉིས་ཐོག་གཅིག་ཏུ་སྡོད་པ་དང་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་དཔལ་ལ་རོལ་བཞིན་ཡོད།

འདི་ནི་སྐལ་བཟང་ཆོས་སྒྲོན(སྟེང་གི་གསུམ་པ)གྱི་ནང་མི་ཚོའི་མཉམ་པར་ཡིན་པ།

འདི་ནི་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་ཡིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། བསྟན་འཛིན་ཉི་མ་ཆོས་གྲུབ་ཀྱིས་པར་བླངས)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:文件
   第03版:综合新闻
   第04版:公益广告
དམངས་ཡོངས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ནས་ མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།
2024ལོའི་ཟླ་4པ་ནས་7པའི་བར་ཏང་ཡོན་ཚང་མར་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་པ། 
རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ངེད་གྲོང་ཁྱེར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱས་པ།
སྔར་གྱི་དཀའ་སྡུག། དེང་གི་བདེ་སྐྱིད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག་དང་འབོད་ཚིག