第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
| 山南网首页 |
2024年3月29日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་26ཉིན་ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཆུས་ཀྲང་གཞོན་པ་ལི་ཤིན་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལྷུན་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་རྫོང་དཔོན་གཞོན་པ་དངོས་གྲུབ། ཆུ་གསུམ་རྫོང་གི་རྫོང་དཔོན་གཞོན་པ་ཧུའུ་ཅན་པིན། གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཁྲེན་ཡ་ལིན། སྣ་དཀར་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ། རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཡུང་བཅས་ཀྱིས་རང་སོ་སོའི་རྫོང(ཆུས)གི་ལོ་ངོ་65རིང་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ལྷོ་ཁར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་ས་ཚིགས་དང་། ལྷོ་ཁར་བཅའ་སྡོད་བོད་ལྗོངས་་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ལྷོ་ཁ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས། ལྷོ་ཁའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད།

ལོ་65ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྣེ་གདོང་ཆུས་ཀྱི་དཔལ་འབྱོར་བསྡོམས་འབོར་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ་དང་ཕྱོགས་བསྡུས་དངོས་ཤུགས་ཆེས་ཆེར་འཕར་ཡོད། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་87.05ཟིན་ཡོད། ལྷུན་རྩེ་རྫོང་གི་དཔལ་འབྱོར་དམིགས་ཚད་ཁག་མགྱོགས་མྱུར་འཕར་བ་དང་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་20ལས་བརྒལ་ཡོད། ཆུ་གསུམ་རྫོང་གི་དཔལ་འབྱོར་གྲུབ་ཚུལ་དང་དཔལ་འབྱོར་བསྡོམས་འབོར་གཉིས་ཀ་འཕུར་མཆོང་ཆེན་པོ་མངོན་འགྱུར་བྱུང་བ་དང་། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་12.2ཟིན་ཡོད།གྲ་ནང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བརྟན་ཐོག་ཡར་བརྩོན་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་22.2ཟིན་པ། སྣ་དཀར་རྩེ་རྫོང་གི་ཕྱོགས་བསྡུས་སྟོབས་ཤུགས་ཕྱོགས་ཡོངས་ནས་གོང་མཐོར་སོང་སྟེ། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་12.3བརྒལ་ཡོད་པ་རེད།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:3.28专版
ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་འཚོགས་པ།
དྭངས་གཙང་རི་ཀླུང་བསྲུངས། མཛེས་སྡུག་བོད་ལྗོངས་བསྐྲུན།