第03版:综合新闻 上一版3  4下一版
 
版面导航

第01版

第02版
文件

第03版
综合新闻
 
标题导航
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས།
ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་(ལྷོ་ཁའི་དུམ་བུ)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
“ད་ཆ་དྲོད་ལེན་སྒྲོག་ཙེ་དང་གློག་ཐབ”བེད་སྤྱོད་བྱེད་དགོས་ཀྱི་མི་འདུག
ངེད་གྲོང་ཁྱེར་གྱིས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ལས་ཀར་སྐུལ་སློང་ བཀོད་སྒྲིག་བྱས་པ།
གྲོང་ཁྱེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁུལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།
| 山南网首页 |
2024年3月18日 星期
3 上一篇 放大 缩小 默认
གྲོང་ཁྱེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁུལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་ཡུན་ཆིང་གིས་སྣེ་ཁྲིད་དེ་གྲོང་ཁུལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད། གྲོང་སྤྱི་གཞོན་པ་ཡང་ཧུང་པིང་ཞིབ་བཤེར་ནང་ཞུཊ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཝང་ཡུན་ཆིང་དང་བཅས་པས་སྔ་རྗེས་སུ་ནོར་བུ་གླིང་ཁ་སྡེ་ཁུལ་དང་ཤམ་ཆུ་ནུབ་ལམ། འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར། ཟ་ར་སྡེ་ཁུལ། ལུང་མཱ་ཁྲོམ་ར་སོགས་སུ་ཕེབས་ནས། གྲོང་ཁུལ་གྱི་ས་གནས་ཁག་གི་འཛུགས་སྐྲུན་དང་འཕྲོད་བསྟེན་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཐོག་ལྷག་པའི་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བསམ་འཆར་བཏོན་གནང་བ་རེད།

ཝང་ཡུན་ཆིང་གིས་བླང་བྱ་བཏོན་གནང་དོན། འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་འབྲེལ་ཡོད་ཚན་པས་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་དགོས་པ་དང་། གཙོ་གནད་གནད་དོན་ལ་དམིགས་པ། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཀའི་བསམ་ཕྱོགས་གསར་གཏོད་དང་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་ཀྱིས་འཆར་འགོད་དང་ལག་བསྟར་བྱས་ཏེ་གྲོང་ཁུལ་གྱི་ཁོར་ཡུག་དེ་བས་ལེགས་པ་གཏོད་རྒྱུའི་བརྩོན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མེད་པ་དང་། ཨར་སྐྲུན་ཚད་ལྡན་མེད་པ། རླངས་འཁོར་གང་བྱུང་དུ་འཇོག་པ། སྔོ་ལྗང་ཁུལ་གསབ་འཛུགས་བྱེད་པ་སོགས་ཐད་ལྷག་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ཕན་འབྲས་ཐོན་པ་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་ཤེས་རྟོགས་ཐུབ་ཚད་དང་། རྒྱབ་སྐྱོར་ཐུབ་ཚད། དེའི་ནང་ཞུགས་ཚད་བཅས་མཐོ་རུ་བཏང་སྟེ་དམངས་ཡོངས་ཞུགས་པའི་ཐབས་ལམ་ཐོག་ནས་བཀོད་མཛེས་གཙང་སྦྲ་དོད་པའི་གྲོང་ཁྱེར་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:文件
   第03版:综合新闻
   第04版:解读