第03版:综合新闻 上一版3  4下一版
 
版面导航

第01版

第02版
文件

第03版
综合新闻
 
标题导航
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས།
ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་(ལྷོ་ཁའི་དུམ་བུ)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
“ད་ཆ་དྲོད་ལེན་སྒྲོག་ཙེ་དང་གློག་ཐབ”བེད་སྤྱོད་བྱེད་དགོས་ཀྱི་མི་འདུག
ངེད་གྲོང་ཁྱེར་གྱིས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ལས་ཀར་སྐུལ་སློང་ བཀོད་སྒྲིག་བྱས་པ།
གྲོང་ཁྱེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁུལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།
| 山南网首页 |
2024年3月18日 星期
3 上一篇  下一篇 4 放大 缩小 默认
ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་(ལྷོ་ཁའི་དུམ་བུ)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་12ཉིན། ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར(ལྷོ་ཁའི་དུམ་བུ)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་སྟེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་2024ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་སྲིད་གཞུང་གིས་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འབྲེལ་ཡོད་རྫོང(ཆུས)ངམ་ཚན་པ་ཁག་དབར་དང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་སྤྱོད་གཙང་གི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་གསུང་བཤད་གནང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་ཡུན་ཆིང་གིས་གཙོ་སྐྱོང་གནང་།

ཉི་མ་བསྟན་འཛིན་གྱིས་བླང་བྱ་བཏོན་གནང་དོན། ལངས་ཕྱོགས་མཐོར་གཏོང་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཤིང་འཛུགས་སྔོ་གྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ་དང་།སྐྱེ་ཁམས་ཀྱི་འདུ་འགོད། དམངས་འཚོའི་འདུ་འགོད་བཅས་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ངེས་ཤུགས་རྒྱུན་འཁྱོངས་ཀྱིས་དམིགས་ཚད་ལ་དམ་པོར་དམིགས་ཏེ་སྐུལ་འདེད་ཤུགས་ཆེན་གཏོང་བ། འགག་སྒོ་ནན་པོ་སྲུང་ནས་སྤུས་ཚད་མཐོ་རུ་གཏོང་བ། ནགས་ཤིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ཀྱི་གསོན་ཚད་མཐོ་རུ་གཏོང་བ། འགན་ལེན་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད། ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་ཤིང་འཛུགས་ནགས་བཟོའི་ལས་ཀའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ཏན་ཏིག་འཁུར་ནས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། མ་དངུལ་ལ་ལྟ་སྐུལ་དོ་དམ་དང་། དཔྱད་ཞིབ་ལ་ལྟ་སྐུལ་མཛུབ་ཁྲིད། གླེང་ཕྱོགས་ཁྲིད་སྟོན་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

ཝང་ཡུན་ཆིང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་(ལྷོ་ཁའི་དུམ་བུ)འདུ་འགོད་ལག་ལེན་བསྟར་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་རྒྱག་དགོས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་གཞུང་དྲང་གསར་གཏོད་དང་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། འགན་འཁྲི་ནན་པོ་འཁུར་བ་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ལ་ཞིབ་འཇུག་ནན་ཏན། དུས་ཐོག་ཏུ་གནད་དོན་ཐག་གཅོད་བཅས་བྱེད་དགོས། ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:文件
   第03版:综合新闻
   第04版:解读