“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།(2024ལོའི་ཟླ་1ཚེས་1ཉིན)
དང་པོ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས།
(གསུམ) ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
སྤུས་ཚད་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཤར་བྱང་གི་ས་ནག་ས་ཁུལ་དང་བདེ་ཐང་ས་ཁུལ། ཆུ་བེད་ཆུ་འདྲེན་གྱི་ཆ་རྐྱེན་ལྡན་པའི་ས་ཁུལ་བཅས་ཀྱི་རྨོ་ཞིང་དམིགས་སུ་བཟུང་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་འཇོག་ཁ་གསབ་རོགས་སྐྱོར་ཆུ་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་བ། ས་གནས་སོ་སོས་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་མ་དངུལ་ཆ་སྡེབ་བྱེད་པའི་བླང་བྱ་མེད་པར་བཟོ་བ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཛུགས་སྐྲུན་བྱས་པ་ཐམས་ཅད་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཞིང་ལས་གསར་པའི་ལས་གཉེར་གཙོ་གཞི། ཞིང་ཁྱིམ་བཅས་ཀྱིས་ཐད་ཀར་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་བདག་སྐྱོང་ཁྲོད་ཞུགས་པར་སྐུལ་མ་གཏོང་དགོས། ས་ཁུལ་དང་རིགས་དབྱེ་ནས་བ་ཚྭ་ཅན་གྱི་རྨོ་ཞིང་བཅོས་སྐྱོང་དང་ལེགས་བསྒྱུར་བྱེད་པ་དང་།“ས་བོན་ལ་བརྟེན་ནས་ཞིང་ཁ་འདེབས་པ”དེ“ཞིང་སར་བརྟེན་ནས་སོ་ནམ་བྱེད་རྒྱུ”དང་ཟུང་འབྲེལ་བྱས་ཏེ། བ་ཚྭ་ཅན་གྱི་ཞིང་ཁ་ཕྱོགས་བསྡུས་བེད་སྤྱོད་དང་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གཙོ་གནད་ཆུ་ཁུངས་དང་ཆུ་འདྲེན་ཁུལ། ཆུ་ལོག་གསོག་ཁུལ་བཅས་འཛུགས་སྐྲུན་དང་དེང་རབས་ཅན་དུ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་མཛོད་ཀྱི་ཉེན་སེལ་སྲ་བརྟན་དང་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་། ཆུ་མཛོད་འབྲིང་ཆུང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་དགོས། ཞིང་ཁ་ཆུང་གྲས་ཀྱི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་བདག་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གནོད་འཚེ་ཕོག་ཁུལ་ས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གནམ་གཤིས་གནོད་སྐྱོན་གྱི་དུས་ཐུང་སྔོན་བརྡ་དང་དུས་ཡུན་རིང་འབྲིང་གི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་བརྒྱབ་ནས། ཞིང་ལས་གནོད་འགོག་གེགས་སེལ་དང་གནོད་སྐྱོབ་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྒྲིག་བཀོད་ཞིང་ལས་དེང་རབས་ཅན་དུ་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བྱེད་དགོས།
(བཞི) ཞིང་ལས་ཚན་རྩལ་འདེགས་སྐྱོར་
ལ་ཤུགས་སྣོན་རྒྱག་དགོས།
ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། གསར་སྐྲུན་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སོན་ལས་དར་སྤེལ་བྱ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་གྱིས་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སོན་ཁུངས་ཀྱི་གནད་འགག་དང་ལག་རྩལ་གཙོ་བོའི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐོན་སྐྱེད་མྱུར་མཁོའི་རང་བརྟེན་སྤུས་ལེགས་སོན་བཟང་གང་མགྱོགས་འདེམས་གསོ་དང་ཁྱབ་གདལ་གཏོང་དགོས། སོན་བཟང་གཙོ་བོ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ཉེར་སྤྱོད་བྱེད་པའི་གཞི་གཅིག་ཅན་གྱི་ཚོད་ལྟ་བྱེད་མགོ་རྩོམ་དགོས། སྐྱེ་དངོས་འདེབས་གསོའི་ཐོན་ལས་ཅན་རྒྱ་ཆེར་འགྲོ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཞིང་འཕྲུལ་ཉོ་སྒྲུབ་དང་ཉེར་སྤྱོད་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཁོ་གལ་ཆེ་ལ་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་གསལ་འབྱེད་ཀྱི“ལྗང་མདོག་ལམ་བུ”གཏོད་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་མ་ལག་གི་མཐུན་རྐྱེན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཐོག། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་སྒྲུབ་ནུས་ཇེ་དྲག་ཏུ་གཏོང་དགོས།
(ལྔ) དེང་རབས་ཞིང་ལས་ཀྱི་ལས་གཉེར་
མ་ལག་བསྐྲུན་དགོས།
“སུས་ཞིང་ཁ་འདེབས་པ”ཡི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། ཞིང་ཁྱིམ་ཆུང་ཆུང་རྨང་གཞིར་འཛིན་པ་དང་། ཞིང་ལས་གསར་པའི་ལས་གཉེར་གཙོ་གཞི་གཙོ་གནད་དུ་འཛིན་པ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་འདེགས་སྐྱོར་དུ་བརྩི་བ་བཅས་བྱས་ནས། དེང་རབས་ཞིང་ལས་འཕེལ་རྒྱས་ལ་འཚམ་པའི་བྱང་ཚད་མཐོ་བའི་ཐོན་སྐྱེད་ལས་གཉེར་དཔུང་ཁག་གང་མགྱོགས་བསྐྲུན་དགོས། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གི་ཐོན་སྐྱེད་ལས་གཉེར་ཆུ་ཚད་ཇེ་མཐོར་བཏང་སྟེ། ཞབས་ཞུར་བརྟེན་ནས་ཞིང་ཁྱིམ་ཆུང་ཆུང་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྟེགས་བུ་དང་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་སྐྱེད་ཀྱི་གནད་འགག་ལྷུ་ཚིགས་ཞན་ས་དང་ཞིང་ཁྱིམ་ཆུང་ཆུང་ལ་དམིགས་ཏེ། ཞབས་ཞུའི་ཁྱབ་ཁོངས་དང་མ་དཔེ་རྒྱ་བསྐྱེད་གཏོང་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་ཐོན་སྐྱེད་དང་ངལ་རྩོལ་སོགས་ཀྱི་བར་མཚམས་ཞབས་ཞུ་མཁོ་འདོན་བྱེད་དགོས།
(དྲུག) འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་སྙོམ་སྒྲིག་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྣ་མང་སོན་རིགས་མཉམ་འགུལ་སྙོམ་སྒྲིག་དང་གསོག་འཇོག་སྙོམ་སྒྲིག འཕྲལ་སྡོམ་འགན་སྲུང་བཅས་ཇེ་དྲག་ཏུ་གཏོང་དགོས། འབྲུ་རིགས་གསོག་འཇོག་གི་སྒྲིག་བཀོད་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། གསོག་འཇོག་དང་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་དགོས།“རྒྱུད་གཅིག་ལམ་གཅིག”གི་ཞིང་ལས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཞིང་ལས་ཐོན་རྫས་ལྐོག་འཚོང་བྱེད་པར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་འཛད་སྤྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་དགོས།
(བདུན) ཟས་རིགས་གྲོན་ཆུང་གི་བྱ་སྤྱོད་ཁག་
རྒྱུན་སྲིང་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།
གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་སྲོལ་བཟང་དར་སྤེལ་དང་། འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཇེ་ཉུང་དུ་གཏོང་བའི་སྦྲེལ་ཐག་ཡོངས་ལ་སྐུལ་འདེད་བཏང་སྟེ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་འཕྲུལ་བསྡུའི་གྱོང་གུན་ཇེ་ཉུང་དུ་གཏོང་བའི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཏེ། འབྲུ་རིགས་སིལ་མ་སྐྱེལ་འདྲེན་དང་འབྲུ་མཛོད་གསར་པ་ཁྱབ་གདལ་གཏོང་དགོས། འབྲུ་རིགས་འོས་འཚམ་གྱིས་ལས་སྣོན་བྱེད་པའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ཟས་རིགས་བདེ་བསྟེན་ལ་སྐུལ་སློང་གཏོང་བ་དང་། སྡེ་ཁག་གི་ལྟ་སྡོམ་དང་ལས་རིགས་ཀྱི་རང་གཅུན། སྤྱི་ཚོགས་ཀྱི་ལྟ་རྟོག་བཅས་ཟུང་དུ་འབྲེལ་བའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། ཟས་རིགས་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།