གྲ་ནང་རྫོང་གྲ་ཕྱི་ཤང་ངར་ཤོར་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དབང་ཆེན་གྱིས་གསར་འགོད་པར། ད་ལོ་ང་ཚོས་ཤིང་འབྲས་ལི་དང་། ངང་ལག ཀུ་ཤུ། ཁམ་བུ་སོགས་དཔལ་འབྱོར་ནགས་གླིང་གི་འདེབས་ཁྱོན་ཆེ་རུ་བཏང་ཡོད། ངར་ཤོར་གྲོང་ཚོར་སྔར་ནས་བཟུང་ལི་དང་ཀུ་ཤུ་འདེབས་པའི་གོམས་གཤིས་ཡོད་པ་མ་ཟད། བྲོ་བ་ཞིམ་པའི་ཁར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
གྲ་ནང་རྫོང་གྲ་ཕྱི་ཤང་ངར་ཤོར་གྲོང་ཚོས་ཀྲུང་དབྱང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི་70བརྩོན་ལེན་བྱས་ཏེ། མུའུ་50ལྷག་ཙམ་གྱི་ལི་དང་། ངང་ལག ཀུ་ཤུ། ཁམ་བུ་སོགས་དཔལ་འབྱོར་ནགས་གླིང་དང་། དར་ཤིང་སོགས་ལྕང་སོན་བཙུགས་ཡོད་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་འགྲོ་རྒྱུ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་འགྲོ་རྒྱུར་ཕན་ནུས་ཆེན་པོ་ཐོན་རྒྱུ་ཡིན་པ་རེད།
འདི་ནི་གྲོང་མི་ཚོས་དཔལ་འབྱོར་ནགས་གླིང་འདེབས་བཞིན་པ།